རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོདཡིག་དྲ་བ།
ཟླ་4ཚེས་22ཉིན་གྱི་སྔ་དྲོ་ཁུལ་མི་དམངས་སྲིད་གཞུང་ཏང་རྩ་འཛུགས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི2025ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་གསུམ་པ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་རྒྱུན་མཐུད་སློབ་སྦྱོང་དང་། བསམ་གཞིག་གཏིང་ཟབ་པ། ལག་ལེན་ཧུར་ཐག་བཅས་བྱས་པ་བརྒྱུད་འགྲུལ་བཞུད་གསར་པའི་ཐོག་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པ་དང་བདེ་ཆེན་གྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་ཆེད་སྟོབས་ཤུགས་ཀྱི་ལེགས་སྐྱེས་འབུལ་རྒྱུའི་བསམ་འདུན་བསྟན་ཡོད།
ཚོགས་འདུའི་ཐོག་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲའི་ནང་དོན་ལ་ཞིབ་དཔྱད་ནན་ཏན་བྱས་ནས་དེའི་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་ཡང་དག་བྱ་དགོས། གཅིག་བསྡུས་གསོ་སྦྱོང་དང་། མི་སྒེར་གྱི་རང་སྦྱོང་། ཆེད་དོན་གྲོས་བསྡུར་སོགས་རྣམ་པ་སྣ་ཚོགས་བརྒྱུད་དེ་སློབ་སྦྱོང་གཏིང་ཟབ་དང་ཤེས་རྟོགས་ཟབ་མོ་དང་མཉམ་འདྲེས་གཅིག་གྱུར་ཡོང་བར་ཁག་ཐེག་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲའི་དགོངས་དོན་དང་ལས་གནས་ཀྱི་འགན་འཁྲི་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་དང་ལས་ཀའི་ཕན་ནུས་ཆེ་རུ་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་རྒྱུན་ལྡན་གྱི་ལས་ཀའི་ནང་བཅུག་ནས་སློབ་སྦྱོང་གི་ཞིབ་ཐོ་བཟོས་ཏེ་དུས་བཀག་ལྟར་སློབ་སྦྱོང་གི་མྱུར་ཚད་དང་ཕན་འབྲས་ལ་ཞིབ་བཤེར་བྱ་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲའི་དགོངས་དོན་ལ་རྒྱུན་ཆད་མེད་པར་གོ་བ་གཏིང་ཟབ་བཏང་སྟེ། སློབ་སྦྱོང་ལ་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། བློ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་དང་དངོས་སྒྲུབ་བྱེད་ཐབས་ཐོག་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲའི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། བླང་བྱ་ཁག་གནད་ལ་འཁེལ་བའི་སྒོ་ནས་ལག་ལེན་བསྟར་རྒྱུའི་འགན་ལེན་བྱེད་དགོས། ཚོགས་འདུའི་ཡིག་ཆའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། གཞུང་དོན་སྣེ་ལེན་དང་འཚམས་འདྲིའི་བྱེད་སྒོ་ཚད་ལྡན་དུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་བྱེད་སྟངས་ལེགས་བཅོས་བཅས་བྱ་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་ཕྲའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱ་རྒྱུ་དེ་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། ཞབས་འདེགས་ཞུ་སྟངས་གསར་གཏོད། དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་ལ་དེ་བས་སྟབས་བདེ་དང་ཕན་ནུས་ཆེ་བའི་ཞབས་ཞུ་མཁོ་འདོན་བྱ་དགོས་ཞེས་ནན་གྱིས་བསྟན་ཡོད།
ཚོགས་འདུའི་ཐོག《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲའི་དགོངས་དོན་དང་འགལ་བའི་དཔེ་མཚོན་གྱོད་དཔེ》བརྒྱུད་བསྒྲགས་བྱས་པ་དང་ཚན་ཁག་གི་ཁོངས་མི་ཁག་གཅིག་གིས་ལས་དོན་དངོས་ལ་དམིགས་ནས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཡུས་ཀུའེ་ཧྥིན་དང་། ཞུས་ཀོང་ཏེ། ལིན་ཧའོ། ལི་ཐའོ། པའོ་ཡུས་ཏུང་། ཝན་ཏན་ཆིན། ཀྲོང་ཞའོ་ཕིང་བཅས་ཚོགས་འདུའི་ནང་ཞུགས་པ་རེད།