འདི་ནི་མ་བཀླགས་ཚད་མེད་ཀྱི་དེབ་ཅིག་རེད་སྙམ། ཁྱེད་ཀྱིས་གསུངས་ན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-24   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

图片

        རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

        རྩོམ་པ་པོ་གླང་མདུན་དཔལ་འབྱོར་ལགས་ནི་སྤྱི་ལོ་1941ལོའི་ཟླ་11པར་ལྷ་ས་གྲོང་ཁྱེར་དུ་འཁྲུངས་ཤིང་། སྤྱི་ལོ་1959ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ཐོན་པ་དང་། ཁོང་གིས《གསར་བཞད་རིག་གནས་དཔྱིད་དཔལ་ལ་བསྟོད་པ》དང་། 《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》《གཙུག་གཡུ》སོགས་བརྩམས་ཆོས་ཕུལ་བྱུང་མང་པོ་བརྩམས་གནང་ཡོད། ལྷག་པར་དུ་རྩོམ་ཡིག《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》 ལ་སྤྱི་ལོ་1980ལོར་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཐོབ་མྱོང་། ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་རང་སྐྱོང་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ། རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་སྔ་རྗེས་སུ་བཞེས་མྱོང་།

图片

        ནང་དོན་མདོར་བསྡུས།

        བརྩམས་སྒྲུང་འདིའི་ནང་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་ལྷ་ས་རྒྱབ་ལྗོངས་སུ་བྱས་ཏེ། མི་སྣ་གཙོ་བོ་དཔལ་ལྡན་ཁྱིམ་གྱི་ཕ་ནོར་གཙུག་གཡུ་དེར་བརྟེན་ཞིང་། དཔལ་ལྡན་ཁྱིམ་གྱི་ཡ་ང་ཞིང་ཉམ་ཐག་པའི་འཚོ་བ་བཀོད་ནས་གྲལ་རིམ་ཁག་གི་གནས་བབ་མི་འདྲ་བའི་མི་སྣའི་དབར་གྱི་རྙོག་འཛིང་ཆེ་བའི་འབྲེལ་བ་དང་ཁོ་ཚོའི་བསམ་བློའི་འདུ་ཤེས་འཛིན་སྟངས་ལ་སོགས་མཚོན་གང་ཐུབ་བྱས་ཡོད།

        འོས་སྦྱོར་རྒྱུ་མཚན།

        རྩོམ་ཡིག་འདི་ནི་བཅིངས་འགྲོལ་བཏང་རྗེས་ཀྱི་བོད་ཡིག་གི་བརྩམས་སྒྲུང་རིང་གྲས་ཐོག་མ་དེ་ཡིན་ཞིང་། རྩོམ་ཡིག་གི་བརྗོད་བྱེད་ཚིག་ལ་ལྷ་སའི་ཡུལ་སྐད་རེ་གཉིས་བཀོད་པ་ཕུད། གཙོ་ཆེ་བ་སྤྱི་སྐད་ཀྱི་འགྲོ་ལུགས་གཞིར་བཟུང་། མིང་ཚིག་དང་བྱ་ཚིག་བེད་སྤྱོད་བྱས་ཡོད། གཞན་ཡང་། རྩོམ་རིག་སྒྱུ་རྩལ་ཐད་སྔ་རབས་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་དགེ་མཚན་དང་ཉམས་འགྱུར་ལྷུར་བླངས་ཐོག མི་རིགས་གཞན་གྱི་རྩོམ་ཚུལ་དང་ཁྱད་ཆོས་ཀྱང་དྲངས་འདུག་པས། རྒྱ་ཆེའི་ཀློག་པ་པོ་རྣམས་གོ་སླ་ལ་གཟིགས་བདེ་བ་ཞིག་འདུག བོད་ཀྱི་སྤྱི་ཚོགས་རྙིང་པའི་འཚོ་བའི་སྐོར་ལ་དཔྱད་གཞི་ཕུལ་བྱུང་ཞིག་མཁོ་འདོན་གནང་འདུག