ཞོགས་པ་ཆུ་དྲོ་འཇམ་བཏུངས་ན་ཕན་པ་འདི་འདྲ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-15   རྩོམ་ཁུངས།    西藏日报藏文媒体

图片

ཞོགས་པ་ཆུ་དྲོ་འཇམ་བཏུངས་ན་ཕན་པ་གང་ཡོད་དམ། 

        1.ཕོ་རྒྱུ་གཙང་སེལ་ཐུབ་ནས། ཕོ་བ་བདེ་རུ་འགྲོ་གི་ཡོད། 

        2.ཕྲ་ཕུང་གི་རྙིང་འདོར་གསར་ལེན་ལ་བསྐུལ་ནས། ལུས་པོའི་ཉོབ་མདངས་རྦད་དེ་སངས་ཏེ། གྲུང་ཤ་དོད་པོར་འགྱུར་གྱི་ཡོད།  

        3.ཁྲག་གར་པོ་སླ་རུ་དང་ཁྲག་ཤེད་དམའ་རུ་གཏོང་ཐུབ་པ་སོགས་ཀྱི་དགེ་མཚན་ལྡན་ཡོད། 

图片

ཞོགས་པར་ཆུ་དྲོ་འཇམ་མང་ཉུང་ག་ཚོད་འཐུང་དགོས་སམ་ཞེ་ན། 

        ཞོགས་པ་ཆུ་ཧའོ་ཧྲེང་150ནས་200བར་ཚད་དང་མཐུན་པ་ཞིག་འཐུང་དགོས་པ་ལས་མང་པོ་འཐུང་མི་རུང་། གལ་ཏེ་ཚད་ལས་བརྒལ་ཚེ་ཕོ་བ་མི་བདེ་བ་ཡོང་གི་ཡོད། ཡིད་གཟབ་བྱེད་དགོས་པ་ཞིག་ལ་ཁྲག་ཤེད་མཐོ་པོ་ཡོད་ཚེ་ཚད་ལས་བརྒལ་ཏེ་གཏན་ནས་འཐུང་མི་རུང་། 

图片
ཞོགས་པ་ཆུ་དུས་ཚོད་གང་ཞིག་ལ་འཐུང་དགོས་སམ་ཞེ་ན།
        སོ་མ་འཁྲུད་གོང་ཆུ་བཏུངས་ཚེ། ཁ་ནང་གི་འབུ་ཕྲ་ཁོག་པར་སོང་ནས་ལུས་པོའི་བདེ་ཐང་ལ་གནོད་ཀྱི་ཡོད་པ་དང་། ཞོགས་པ་ཁ་ལག་བཟས་ཚར་ནས་ཆུ་བཏུངས་ན་ཕོ་རྒྱུ་གཙང་སེལ་གྱི་ནུས་པ་ཐོན་མི་ཐུབ་པས། སོ་བཀྲུས་རྗེས་དང་ཞོགས་ཟས་མ་བཟས་གོང་ནི་ཆུ་འཐུང་བའི་དུས་ཚོད་ཡག་ཤོས་དེ་རེད། དེར་བརྟེན་ཞོགས་པ་ཆུ་དྲོ་འཇམ་འཐུང་བའི་གོམས་གཤིས་འཇགས་ན་བདེ་ཐང་ལ་ཕན་པ་ཆེའོ།