བདེ་ཆེན། ཡུལ་སྐོར་གྱི་གནས་མཆོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཡུན་ནན་ནུབ་བྱང་ས་མཐོའི་ལྟེབ་གཉེར་ཁྲོད། བདེ་ཆེན་ནི་གངས་རི་དང་ཆུ་ཀླུང་བར་གྱི་གཙུག་གཡུ་ཞིག་དང་འདྲ་ལ།  བརྗིད་ཉམས་ལྡན་པའི་གཙང་གསུམ་མཉམ་བཞུརདངསེམས་ཀྱི་ཉི་ཟླའིསྦུས་ཡུལ་གྱི་རྟོགས་སྣང་ལ་བརྟེན་ནས་ཡུན་ནན་རིག་གནས་ཡུལ་སྐོར་མངའ་ཁོངས་ཁྲོད་ཀྱི་མཚར་སྡུག་འོད་སྟོང་འབར་བའི་མུ་ཏིག་ལྟ་བུར་གྱུར་ཡོད། ཡུན་ནན་དུ་བྱེས་སུ་སྡོད་པ་ཞེས་པ་དེ་དེང་རབས་ཀྱི་སྐད་ཆ་ཚ་པོ་ཞིག་ཏུ་གྱུར་སྐབས།    བདེ་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ཁྲིད་སྟོན་དུ་བྱས་ཏེ།   ཞིང་ཨུའི“3815”འཐབ་ཇུས་འཕེལ་རྒྱས་དམིགས་འབེན་ལ་དམ་པོར་འཛིན་ནས། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རིར་བསྒྱུར་བར་བྱས་པ་དང་། མི་རིགས་མཐུན་སྒྲིལ་འདི་ཉིད་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་གོང་འཕེལ་བཏང་སྟེ།    སྲུང་སྐྱོབ་དང་འཕེལ་རྒྱས་ཁྲོད་དུཡུན་ནན་གྱི་འཚོ་བ་ཟེར་བ་ཞིག་ཡོད་པཞེས་པའི་བདེ་ཆེན་གྱི་ལག་ལེན་འབྲི་བཞིན་པའི་སྒང་ཡིན།


མི་རིགས་མཐུན་སྒྲིལ་ཐད་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་གཏིང་ཟབ་བྱེད་པ།

    བདེ་ཆེན་གྱི་སྤྱི་ལེ་གྲུ་བཞི་མ་ཁྲི་2.3གྱི་ས་ཆའི་ཐོག་མི་རིགས་26འདུས་སྡོད་བྱས་ཡོད།རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ཞིག་ཡིན་པའི་ཆ་ནས།  གནས་འདིའི་མི་རིགས་མཐུན་སྒྲིལ་ནི་སྤྱི་མཚན་གྱི་གོ་དོན་ཞིག་མིན་པར།    རྒྱུན་ལྡན་གྱི་འཚོ་བའི་ནང་འདྲེས་པའི་ཤ་ཁྲག་གི་འབྲེལ་བ་ཡོད་པའི་གཉེན་ཉེ་ལྟ་བུ་ཡིན། ཁྱིམ་ཚང་གཅིག་ནང་བོད་རིགས་དང་ལི་སུའུ་རིགས།འཇང་རིགས། རྒྱ་རིགས་སོགས་མི་རིགས་མང་པོ་འདུས་ཡོད།དཀྱིལ་འཁོར་ཐང་ཆེན་གྱི་མི་རིགས་ལུས་རྩལ་ཞབས་བྲོ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི་འཆམ་མཐུན་གྱི་དབྱངས་རྟའི་ཁྲོད་འཁྲབ་པ་སོགས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྣ་མང་མི་རིགས་ཀྱི་རིག་གནས་དེ་བདེ་ཆེན་དུ་བྱེས་སུ་སྡོད་ནས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་གཏིང་ཟབ་བྱེད་པའི་གདམ་ག་ཞིག་ཏུ་གྱུར་ཡོད།   

    མི་རིགས་དུས་ཆེན་ཁྲོདརང་གི་རྒྱན་གྱིས་རང་ཉིད་བརྒྱན་ཞེས་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ།   ལོ་རེའི་ལྔ་བའི་རྟ་རྒྱུག་སྐབས་གནས་འདི་རུ་བྱེས་སུ་སྡོད་ཡོད་ན།རྟ་པ་ཚོས་འགྲན་རའི་ཐོག་གི་དཔའ་ངར་ཆེ་བའི་རྣམ་འགྱུར་དངོས་སུ་མཐོང་ཐུབ་ལ།    འགྲན་བསྡུར་རྗེས་ཀྱི་འཁྲུག་ཆ་དོད་པའི་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ནང་ཞུགས་ནས་ས་གནས་དེ་གའི་དམངས་ཚོགས་དང་དགའ་བའི་གླུ་གཞས་མཉམ་ལེན་དང་མཛེས་པའི་ཞབས་བྲོ་མཉམ་འཁྲབ་བྱས་ནས་དུས་ཆེན་ལ་རྟེན་འབྲེལ་ཞུ་ཐུབ། ཁའོ་ཧྲི་དུས་ཆེན་ནི་ལི་སུའུ་རིགས་གྱི་ལོ་གསར་ཡིན་པ་དང་མི་རྣམས་ཀྱིས་གླུ་དབྱངས་དང་ཞབས་བྲོའི་ཐོག་ནས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་ཀྱི་ཡོད། དཔལ་འབར་དུས་ཆེན་སྐབས་སུ་མི་རྣམས་ཀྱིས་མེ་ཕུང་ལ་བསྐོར་ནས་གླུ་གཞས་དང་ཞབས་བྲོ་འཁྲབ་བཞིན་ཡོད་པས།   ག་ས་གང་དུ་དགའ་སྤྲོ་དང་འཆམ་མཐུན་གྱི་རྣམ་པ་མངོན་པར་འདུག 

    དུས་ད་ལྟ། མི་དེ་བས་མང་བ་ཞིག་གིས་དུས་ཆེན་རིང་བདེ་ཆེན་དུ་སྡོད་རྒྱུ་གདམ་ག་བྱས་ནས།ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་གཏིང་ཟབ་བྱེད་ཀྱི་ཡོད།    བདེ་ཆེན་གྱིས་སྣ་མང་ཆེ་བའི་དུས་ཆེན་དེ་མིང་བྱང་དུ་བྱས་ནས་བྱེས་སྡོད་ཡུལ་སྐོར་གྱི་རི་མོ་གསར་བ་བྲིས་ནས་དེ་ལས་མང་བའི་ཡུལ་སྐོར་བ་ངོ་མཚར་ཆེ་བའི་ས་ཆ་དེའི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་འཚོལ་ཞིབ་བྱེད་པའི་ཡིད་དབང་འགུག་བཞིན་ཡོད།  

    རིག་གནས་ནི་ཡུལ་སྐོར་བྱེད་མཁན་གྱི་དབྱིངས་ཞུགས་ཉམས་ལེན་གྱི་བསམ་པའི་གསོ་བཅུད་ཡིན།     ཉེ་བའི་ལོ་ཤས་རིང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱ་ཆེད།    དུས་ཆེན་བྱེད་སྒོ་ཤུགས་ཆེན་བཏོད་པ་ཕུད།    བདེ་ཆེན་གྱིས་ད་དུང་ཉམས་ལེན་ཡུལ་སྐོར་གྱི་བར་སྟོང་གཏིང་ཟབ་ཏུ་སྔོག་འདོན་བྱས་ནསམངོན་མེད་རིག་གནས་ཤུལ་བཞག+ཉམས་ལེནལྟ་བུའི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ཤུགས་ཆེན་བཏོད་ཡོད་པ་རེད།  ཉེ་བའི་ལོ་ཤས་རིང་བདེ་ཆེན་གྱིས་རྒྱལ་ཁབ་རིམ་པའི་མི་རིགས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གསར་སྐྲུན་ལེགས་འགྲུབ་བྱུང་རྗེས།    རྫ་ནག་དང་ཤོག་བུ།    བོད་སྤོས་སོགས་ལག་རྩལ་ཚུད་པའི་མངོན་མེད་རིག་གནས་ཤུལ་བཞག་ཉམས་ལེན་རྟེན་གཞི་20ལྷག་ཙམ་བསྐྲུན་ནས་ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི་བརྒྱ་ལས་བརྒལ་བ་ཡིད་དབང་འགུག་ཅིང་ཡུལ་སྐོར་བ་རྣམས་ལ་བདེ་ཆེན་གྱི་རིག་གནས་ཉམས་ལེན་དང་བདེ་ཆེན་གྱི་རིག་གནས་དང་ཐག་ཉེ་བའི་གནས་ཡག་པོ་ཞིག་མཁོ་འདོན་བྱས་ཡོད།


རི་སྔོན་ཆུ་དྭངས།   དབྱིངས་ཞུགས་ཉམས་ལེན་བྱེད་པའི་རང་བྱུང་གི་མཛེས་པ་ཡིད་དབང་རྣམ་པར་འཕྲོག

    བདེ་ཆེན་ཁུལ་གྱི་ནགས་ཚལ་ཁེབས་ཚད་77.66%ཟིན་ནས་སའི་གོ་ལའི་སྟེང་གི་རྩ་ཆེའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བང་མཛོད་ཁྲོད་ཀྱི་གྲས་ཤིག་ཡིན་པ་རེད།ཡུན་ནན་དུ་བྱེས་སུ་སྡོད་པཞེས་པའི་གོ་དོན་དེ་དོན་སྤྱི་ནས་དོན་དངོས་སུ་བསྐྱོད་སྐབས་བདེ་ཆེན་གྱིས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་བརྟེན་ནས་ཕུགས་བསམ་གྱི་གདམ་ག་ཞིག་ཏུ་གྱུར་ཡོད།    སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་གསར་སྤེལ་དོ་སྙོམས་ཁྲོད་བདེ་ཆེན་གྱིསསྐྱེ་ཁམས་+རིག་གནསཀྱི་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱས་ཡོད།   གླེགས་བམ་གྲོང་ཚོའི་རྐང་ཐང་དཔལ་འབྱོར་གྱིས་ཡུལ་མི་ལ་སྐྱེ་ཁམས་གྱི་ཟ་མ་ཟ་ཐུབ་པར་བྱས་པ་དང་།   སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླའི་གཞུང་ལམ་གྱི་ལྗོངས་ལྟ་སྟེགས་བུ་23གྱིས་རང་བྱུང་ཡུལ་ལྗོངས་དེ་རིག་གནས་ཉམས་ལེན་དུ་བསྒྱུར་ཡོད།    སྐྱེ་ཁམས་སྒར་རྒྱག་པསོགས་འདུ་ཤེས་ལྟ་བ་བསམ་གཞི་ཁྱབ་སྤེལ་བཏང་བ་དེས་ཡུལ་སྐོར་བ་སྐྱེ་ཁམས་སྲུང་སྐྱོང་གི་ནང་ཞུགས་མཁན་ཞིག་ཏུ་གྱུར་ཡོད།   གྲངས་གཞི་ལས་མངོན་གསལ།    2023ལོར་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕར་ཐང་གིས་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་GDPནང་བཟུང་བའི་བསྡུར་ཚད་13.7%ཟིན་པ་དང་། གསུམ་ཆ་གཅིག་ལས་བརྒལ་བའི་མང་ཚོགས་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པས།    རི་སྔོན་ཆུ་དྭངས་དེ་དངོས་སུ་དམངས་ཕྱུག་དང་ཁུལ་སྟོབས་ཀྱི་གསེར་རི་དངུལ་རིར་འགྱུར་ཡོད།

    སྒེར་འཁོར་གཏོང་བ། སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་སྤྱི་ལེ་170ཡི་སྤྲིན་རུམ་གཞུང་ལམ་ནི་སྟག་མཆོང་གྲོག་རོང་གི་གཡང་གཟར་དང་། ཧ་པ་གངས་རིའི་བརྗིད་ཉམས། ཆུ་དཀར་ཆུ་ནག་གི་མཛེས་པ། རྡོ་མཁར་རྫོང་གི་ངོ་མཚར་བཅས་སྦྲེལ་མཐུད་བྱས་ཡོད།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་1830ཡོད་པའི་འབྲི་ཆུའི་གྲོག་རོང་ནས་སྨི་3717ཡོད་པའི་གངས་རི་ཉག་ཁ་བར་དུས་བཞི་རིམ་བརྗེ་ཡི་ཡུལ་ལྗོངས་འགྱུར་ལྡོག་དེས་རླངས་འཁོར་སྡོད་ཐེངས་རེ་རེ་རང་བྱུང་དང་གླེང་མོ་བྱེད་པའི་གོ་སྐབས་ཤིག་ཏུ་གྱུར་ཡོད། 


    རྐང་ཐང་དུ་འགྲོ་བ། བདེ་ཆེན་གྱི་ཇ་རྟའི་གནའ་ལམ་གྱི་རྗེས་ཤུལ་དང་དེང་རབས་ཀྱི་རྐང་ཐང་ལམ་ཐིག་ཕུན་སུམ་ཚོགས་པའི་ངང་མཉམ་འདྲེས་བྱས་ཡོད་དེ། སྟག་མཆོང་གྲོག་རོང་གི་ལམ་ཐིག་དང་གླེགས་བམ་གྱི་རྐང་ཐང་ལམ་ཐིག་སོགས་ཕྱི་རོལ་དུ་དགའ་པོ་བྱེད་མཁན་གྱི་རྐང་ཐང་གནས་མཆོག་ཏུ་གྱུར་ཡོད། པོ་ཏ་མཚོ་ལྗོངས་ཁུལ་དང་སྡེ་ཁུལ་སྐྱོང་ལན་འཇལ་བའི་ལམ་སྲོལ་གྱིས་གྲོང་མི་ཡུལ་སྐོར་དོ་དམ་ནང་ཞུགས་སུ་བཅུག་པ་དང་རྐང་ཐང་དཔལ་འབྱོར་གྱིས་ཡུལ་མིའི་རྒྱུན་མཐུད་གྱི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱས་པ།     སྨན་རིའི་འདབས་སུ་རྐང་ཐང་+ཞིབ་འཇུག་སློབ་སྤྱོདཀྱི་བྱེད་སྟངས་ཐོག་ནས་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་དེ་མི་སེམས་སུ་གཏིང་ཟབ་ཏུ་ཕྱིན་པར་བྱས་པ།   ལོ་རེའི་དཔྱིད་ཀ་དང་དབྱར་ཁའི་འབྲེལ་མཚམས་སུ་ས་མཐོའི་སྟག་མའི་མེ་ཏོག་ག་ས་གང་དུ་བཞད་ནས་རྐང་ཐང་དུ་འགྲོ་བར་འཆར་ཡན་གྱི་ཚོན་མདོག་བསྣན་ཡོད།    

    ལུས་གསོ། ཆུ་ལུམས་དང་བོད་སྨན་སྨན་བཅོས་ཀྱི་ཡུལ་སྐོར། བདེ་ཆེན་གྱི་ས་ཚན་ཐོན་ཁུངས་དང་བོད་ཀྱི་གསོ་རིག་རིག་གནས་ཕན་ཚུན་གཅིག་ལ་གཅིག་རྟེན་བྱས་ནས། ཡུལ་སྐོར་བར་ལུས་སེམས་སྨན་བཅོས་བྱེད་པའི་ཐུན་མོང་མ་ཡིན་པའི་ཉམས་མྱོང་མཁོ་འདོན་བྱས་ཡོད། བདེ་ཆེན་ཁུལ་དུ་ཆེ་ཆུང་མི་གཅིག་པའི་ཆུ་ཚན་ཐོན་ཁུངས་མང་པོ་ཡོད་ལ། བདེ་ཆེན་ཁུལ་བོད་སྨན་ཁང་ནི་ཡུན་ནན་ཞིང་ཆེན་གྱི་བོད་སྨན་ཞིབ་འཇུག་དང་སྨན་བཅོས་ཀྱི་ལས་ཁུངས་གཅིག་པུ་ཡིན། བོད་སྨན་ཁྱད་ལྡན་སྨན་བཅོས་རིགས་སྣ་73ཡོད་པ་མ་ཟད། དེའི་ཐོན་སྐྱེད་བོད་སྨན་སྡེབ་སྦྱོར་རིགས་སྣ116སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་བཅུག་ནས་ས་གནས་དེ་གའི་ཡུལ་མི་དང་ཡུལ་སྐོར་བར་དབྱིངས་ཞུགས་རྣམ་པའི་ལུས་གསོས་ཞབས་ཞུ་མཁོ་འདོན་བྱས་ཡོད།


    ཉེ་བའི་ལོ་འགའི་རིང་།བདེ་ཆེན་གྱིས་ལུས་གསོ་རྣམ་གྲངས་འཛུགས་སྐྲུན་གྱི་དམིགས་འབེན་ཁྲོད་ནུས་ཤུགས་བཏོན་ནས། ནགས་ཚལ་ལུས་གསོ་རྟེན་གཞི་མང་པོ་གཅིག་རྗེས་གཉིས་མཐུད་དུ་བསྐྲུན་ནསདབུགས་འབྱིན་རྔུབ་ཟབ་མོ་བྱེད་པདངལྷོད་བག་འཚོ་བ་དེ་ཡུལ་སྐོར་གྱི་རྒྱུན་གཏན་དུ་འདྲེས་ཡོད།   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཅིན་ཅང་གྲོང་རྡལ་2020ལོའི་རྒྱལ་ཡོངས་ནགས་ཚལ་ལུས་གསོ་རྟེན་གཞིའི་ཚོད་ལྟ་འཛུགས་སྐྲུན་གྱི་གྲོང་རྡལ་དུ་བདམས་པ་རེད།    2023ལོའི་ཟླ་10པའི་12ཉིན་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཆུས་ཀེ་སེན་རྒྱལ་སྤྱིའི་ལུས་གསོས་རྟེན་གཞི་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་བདེ་ཆེན་གྱི་ལུས་གསོའི་ཐོན་ལས་ས་བཀྲ་སྔར་བས་རྒྱ་སྐྱེད་བཏང་།    

    འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཏེཡུན་ནན་དུ་བྱེས་སུ་སྡོད་པའིའཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་བསྟུན་ནས།    ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་དམིགས་བསལ་ཀྱི་སྣ་མང་མི་རིགས་ཀྱི་རིག་གནས་དང་ཟུང་འབྲེལ་བྱས་ཏེ།    བདེ་ཆེན་ཁུལ་གྱིས་བྱེས་སྡོད་མ་ལག་ཆ་ཚང་སྒྲིག་བཀོད་དང་འཐུས་ཚང་དུ་བཏང་ནས།    ཞབས་ཞུའི་རྒྱུ་སྤུས་ཆེ་རུ་གཏོང་བ་དང་དུས་བཞི་བདེ་ཆེན་དུ་ཡུལ་སྐོར་བྱེད་པའི་སྤུས་རྟགས་མགྱོགས་མྱུར་གཏོད་ནས། ཡུལ་སྐོར་བས་དུས་བཞིའི་མཛེས་སྡུག་གི་རྣམ་པ་མིག་ལམ་དུ་མངོན་པར་བྱས་ནས།ངོ་མཚར་ཆེ་བའི་ས་ཆ་འདིཡོང་རྗེས་འགྲོ་མི་འདོད་པ་དང་།    སོང་རྗེས་ད་དུང་ཡོང་འདོདཞེས་པའི་སེམས་ཁམས་ཀྱི་གནས་སྡོད་ཡུལ་ཞིག་ཏུ་བསྐྲུན་པ།