ཁུལ་ཨུའི་སྐབས་དགུ་བའི་རྒྱུན་ཨུའི་གྲོས་ཚོགས་ཐེངས་123འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 
    ཟླ་3ཚེས་31ཉིན་ཁུལ་ཨུའི་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་123པ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་ཁག་བརྒྱད་རྒྱུན་འཁྱོངས་ངང་དོན་འཁྱོལ་ལག་བསྟར་བྱེད་པ་དང་།སྤྱོད་ལམ་འཛུགས་སྐྲུན་གཏིང་ཟབ་བྱེད་པའི་རྣམ་བཤད་གཙོ་བོ་དང་ཞིང་ཨུའི་འབྲེལ་ཡོད་ལས་དོན་བླང་བྱ་ལག་བསྟར་བྱ་རྒྱུའི་བསམ་འཆར་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། རང་ཁུལ་ནས་ཇི་ལྟར་དོན་འཁྱོལ་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།
    ཁུལ་ཨུའ་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་།
    ཀྲང་ཝེ་ཏུང་དང་། ཕེང་ཧྲན། ལི་ཡན་ལན། མེའོ་ཡིའུ་ཧྥ་བཅས་ཚོགས་འདུར་ཞུགས།    ཚོགས་འདུའི་ཐོག་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱེད་པའི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་ཁག་གཅིག་ལ་བསྐྱར་དྲན་བྱས་ལ། སློབ་སྦྱོང་དང་རྟོག་ཞིབ་བཅོས་བསྒྱུར་སོགས་གཅིག་བསྡུས་ཀྱི་སྒོ་ནས།  སློབ་སྦྱོང་སློབ་གསོ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་བྱས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན།གནད་དོན་བཅོས་སྒྲིག་ལ་སྐུལ་འདེད། སྤྱོད་གཙང་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱུན་མཐུད་གྱི་སྤྱོད་ཚུལ་གསར་བརྗེ་གཏིང་ཟབ་ཏུ་གཏོང་བ་དང་ནུས་ཕྱོད་གསར་བརྗེ་ཟུང་འབྲེལ་བྱས་ཏེ།མཐའ་གཅིག་ཏུ་པགས་པ་གཉིས་སྔོན་འགོག་བྱེད་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་དམ་འཛིན་ཡག་པོ་བྱེད་པ་དང་། རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་ནན་མོ་ཐེག་པ་བཅས་བྱས་ཏེ།སློབ་སྦྱོང་སློབ་གསོ་བྱེད་པར་ཁ་ཕྱོགས་མི་ལོག་པ་དང་ཕན་འབྲས་གསལ་བོ་མཐོང་དགོས་པ་ནན་གྱིས་བསྟན།    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་དང་དོན་འཁྱོལ་བྱས་ཏེ་རྒྱུན་མཐུད་གྱིས“ཞིང་གསུམ་”ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་སྐྱོང་བྱས་ཏེ།ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ཀྱི་ཕན་འབྲས་དང་གྲོང་གསེབ་ཀྱི་གསོན་ཤུགས་འཕར་བ། ཞིང་པའི་ཡོང་འབབ་འཕར་སྣོན་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་ནན་ཏན་དང་། ཡུལ་སྐོར་གྱི་འཕེལ་ངོ་སྲ་བརྟན་དུ་གཏོང་བ། “3331”ལས་ཀའི་བསམ་ཕྱོགས་ལག་ལེན་བསྟར་བྱེད་པ། རྒྱུན་མཐུད་ཀྱི་དམངས་སྲོལ་གནས་ཚང་ལས་རིགས་ཚད་ལྡན་དུ་གཏོང་བ། ཡུལ་སྡོད་ཐོན་ལས་བཀོད་སྒྲིག་དང་སྐུལ་འདེད་གཏོང་བ། ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་དང་རིམ་སྤར་ལ་སྐུལ་འདེད་ཏན་ཏིག་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    ཚོགས་འདུའི་ཐོག་ས་ཡོམ་གནོད་འཚེ་ཀྱི་འགོག་ཟོན་ལ་ཁ་གཏད་གཅོག་པའི་ལས་དོན་ལེགས་པར་བསྒྲུབས་ནས་ཕན་ནུས་ཆེ་བའི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་སྟེ་“འགོག་པའི”ལས་དོན་སྔར་བས་ཏན་ཏིག་དང་ཕན་ནུས་ལྡན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 
    ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། གསར་དར་མངའ་ཁོངས་ཀྱི་ཏང་འཛུགས་སྐྱོང་གི་ཞན་ཆ་ལས་བརྒལ་ནས་འགྲིལ་ཤུགས་སྡོམ་ཤུགས་གཅིག་ཏུ་སྒྲིལ་ནས་ཏང་འཛུགས་སྐྱོང་གིས་གཞི་རིམ་གྱི་བཅོས་སྐྱོང་སྣེ་ཁྲིད་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ། སྤྱི་ཚོགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ལས་དོན་ཁག་ལ་རྣམ་པ་གསར་པ་དང་གྲུབ་འབྲས་གསར་པ་མཐོང་ཐུབ་པའི་འགན་ལེན་བྱེད་དགོས་པ་ནན་བཤད་གནང་བ་རེད།  ཚོགས་འདུའི་ཐོག་ཁུལ་ཨུའི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོ་ཆུང་ཀྱི་2025ལོའི་ཚོགས་འདུ་ཐེངས་གཉིས་པ་མཉམ་དུ་འཙོགས་པ།《ཁུལ་ཨུའི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོ་ཆུང་གི་2024ལོའི་ལས་དོན་ཕྱོགས་བསྡོམས་བརྡ་ཁྱབ་》དང་།  《ཁུལ་ཨུའི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོ་ཆུང་ཀྱི་2025ལོའི་ལས་དོན་གཙོ་གནད་》《ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་2025ལོར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་འགན་འཁྲི་ལས་འགན་བཀོད་སྒྲིག་》《ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་2025ལོར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་གཟུགས་དོན་འཁྱོལ་བྱེད་པའི་འགན་འཁྲི་ཀྱི་ཞིབ་ཐོ་》བཅས་གྲོས་ཞིབ་བྱས།
    ཚོགས་འདུའི་ཐོག་རྒྱུན་འཁྱོངས་ལྷད་མེད་ཀྱིས་ཆབ་སྲིད་འཛུགས་སྐྱོང་དམ་འཛིན་བྱེད་པ་དང་། “གྲོས་དོན་དང་པོའི”ལམ་ལུགས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་སྐོར་གྱི་་“ཆབ་སྲིད་ཀྱི་གྲུབ་ཆ་གལ་ཆེན་དང་པོའི”འཐུས་ཚང་དུ་གཏོང་བ་དང་ལག་བསྟར་བྱེད་དགོས། བསམ་བློ་ཀྱི་སྣེ་ཁྲིད་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཤུགས་སྣོན་རྒྱག་པ་དང་། “བློ་སྦྱོང་”ལས་གྲྭ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། “སྲོག་ཤིང་ལ་བརྩི་སྲུང་དང་། སེམས་པ་པེ་ཅིང་ལ་ཕྱོགས་པའི”བརྗོད་བྱ་གཙོ་བོའི་ལག་ལེན་བྱེད་སྒོ་རྒྱ་སྐྱེད་གཏིང་ཟབ་གཏོང་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཡང་དག་པའི་སྒོ་ནས་མི་འདེམས་པའི་མི་བེད་སྤྱོད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས་ལས་བྱེད་པས་འགན་འཁུར་རྒྱུར་སྐུལ་མ་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་ཆེ་རུ་གཏོང་བ་དང་། རྨང་གཞི་བརྟན་གཏོང་ལས་གཞི་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། གྲོང་ཚོའི“ཨུ་ལྷན་གཉིས”སྐབས་བརྗེ་རེས་ལས་དོན་ལེགས་པར་བསྒྲུབ་དགོས། ནུས་ཤུགས་ཡོད་རྒུས་ཆབ་སྲིད་ཀྱི་སྣང་ཚུལ་ཉམས་གསོ་གཙང་འགྱུར་དང་མ་ལག་བསྐྱར་སྒྲིགལ་སྐུལ་འདེད་གཏོང་བ་དང་། ལྡོག་སྐྱེལ་གནད་དོན་བཅོས་སྒྲིག་དམ་འཛིན་ཏན་ཏིག་བྱ་དགོས། ཏང་དོ་དམ་དང་ཏང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གནད་དོན་དང་། དམིགས་འབེན། འབྲས་བུ་བཅས་ཀྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ནས་ལེགས་གྲུབ་ཀྱི་དམིགས་འབེན་ཁག་གི་ལས་འགན་འགན་ལེན་བྱ་དགོས།
    ཚོགས་འདུའི་ཐོག་ད་དུང་གཞན་དག་གི་དོན་ཚན་ལ་ཞིབ་འཇུག་བྱས་པ་རེད།
    དབྱང་ཙི་ཅང་དང་། ཀྲུའུ་ཧུང་། ལི་དབྱང་། ལེའོ་ཝུན་ཚེ། ཁྲེན་ཆོན། ལུའུ་ཀྲི་ཅུན། ཞུང་ཞུའེ་ཝུན། ཞུང་ཝུན་པིན། ཧུའུ་ཧྥེ་ཞུང་བཅས་ཚོགས་འདུར་ཞུགས་པ་རེད།