ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་ཡུལ་སྐོར་ཚོཊ་པར་ཚོང་འགུག་རྟོག་ཞིབ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་3ཚེས་26ཉིན་ཉིན་ཁུལ་ཨུའི་ཧྲུའུ་ཅི་ཟིན་འགོད་ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་ནས་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་དུ་ཕེབས་ནས་ཀྲུང་གོ་ཡུལ་སྐོར་ཚོགས་པར་དམིགས་འཛུགས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པ་དང་འབྲེལ་ཚོང་འགུག་རྟོག་ཞིབ་བྱས་པ་དང་ཀྲུང་གོ་ཡུལ་སྐོར་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་ཟིན་འགོད་གཞོན་པ་དང་ལས་འཛིན་པ་ཧྲི་ཧྲན་པོ་དང་གྲོས་བསྡུར་དང་སྤེལ་རེས་བྱས་པ་རེད།     

  བཞུགས་མོལ་ཚོགས་འདུའི་ཐོག་ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་ཡུལ་སྐོར་ཚོགས་པས་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་ལ་དམིགས་འཛུགས་རོགས་སྐྱོར་བྱས་པ་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་བྱས་ཏེ་བདེ་ཆེན་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་། སློབ་གསོ་རོགས་སྐྱོར།    འཛད་སྤྱོད་དབུལ་སྐྱོར་སོགས་ཐད་བྱས་རྗེས་དང་ལེགས་སྐྱེས་ཧུར་ཐག་གིས་ཕུལ་ནས་བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ལྷག་བསམ་རྣམ་དག་གིས་གསོན་ཤུགས་བསྣན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།     ཁོང་གིས་བདེ་ཆེན་ཁུལ་ལ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་།    སྐྱེ་ཁམས་ཁོར་ཡུག་བཟང་བ།    དམངས་སྲོལ་རིག་གནས་སྣ་མང་བཅས་ཡོད།     ཉེ་བའི་ལོ་ཤས་རིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བརྟན་ལྷིང་དང་།    འཕེལ་རྒྱས།    སྐྱེ་ཁམས་མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་དམ་འཛིན་ལེགས་པོ་བྱས་ཏེ་མངོན་འགྱུར་མི་རིགས་མཐུན་སྒྲིལ་དང་།    ཆོས་ལུགས་འཆམ་མཐུན་སྤྱི་ཚོགས་སྤྱི་ཡོངས་ཡུན་རིང་རྒྱུན་སྲུང་རྒྱུན་འཁྱོངས་བརྟན་ལྷིང་བྱས་ནས་ཁུལ་ཡོངས་ཡུན་རིང་བདེ་ཐང་དང་སྤུས་ཚད་མཐོ་བའི་གོང་འཕེལ་སྤུས་ཀ་དག་པའི་གོང་འཕེལ་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།     མིག་སྔར།   བདེ་ཆེན་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་བྱས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།    རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཞི་ཚུགས་ནས་རང་ངོས་ཀྱི་ལེགས་ཆ་གནད་ལ་འཁེལ་བྱས་ཡོད།    “3331”འཕེལ་རྒྱས་ཀྱི་བསམ་ཕྱོགས་ལྟར།    “ཡུན་ནན་ནུབ་བྱང་ཡུལ་སྐོར་སྐོར་ལམ་”“འབྲི་ཆུའི་ཡུལ་སྐོར་དཔལ་འབྱོར་རྒྱུད་”“སེམས་ཀྱི་ཉི་ཟླ་སྐྱེ་ཁམས་ཡུལ་སྐོར་ཁུལ་”མཉམ་དུ་འཛུགས་པ་ཇེ་མགྱོགས་སུ་བཏང་སྟེ།    འགྲོས་སྣོན་གྱིས་དུས་ཡོངས་དང་།    ཁོངས་ཡོངས།    རྒྱུ་རྐྱེན་གཙོ་བོ་ཡོངས་བཅས་ཀྱི་ཡུལ་སྐོར་རྣམ་པ་བསྐྲུན་ནས་ཡུལ་སྐོར་ལས་རིགས་དང་།    ཐོན་རྫས།   དཔེ་རྣམ་གསར་གཏོད་དང་ཞབས་ཞུ་ཕུལ་བྱུང་གཏོད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ།    རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་དངོས་སུ་བསྒྱུར་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད།     ཁོང་གིས་ཀྲུང་གོ་ཡུལ་སྐོར་ཚོགས་པས་བདེ་ཆེན་ཁུལ་ལ་དམིགས་འཛུགས་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རོགས་སྐྱོར་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།     བདེ་ཆེན་རིག་གནས་ཡུལ་སྐོར་ཐོན་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    བདེ་ཆེན་ཁུལ་གྱི་ཡུལ་སྐོར་འཆར་འགོད་དང་།    ལས་རིགས་གསར་སྤེལ།    རྣམ་གྲངས་འཛུགས་སྐྲུན།    མཛེས་ལྗོངས་ཁུལ་དོ་དམ།    ཁྲོམ་ར་གསར་འབྱེད་སོགས་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་པ་དང་།    ཁུལ་ནང་ཁུལ་གྱི་མཛེས་ལྗོངས་ཁུལ་ཁག་གཅིག་གསར་སྤེལ་དང་རིམ་སྤར་སྒྱུར་བཀོད་ལས་དོན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་ཆེན་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་རོགས་རམ་བྱ་རྒྱུའི་རེ་བ་ཡོད།     ཁོང་གིས་རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་ཀྲུང་གོ་ཡུལ་སྐོར་ཚོགས་པ་དང་འབྲེལ་མཐུད་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    རང་འགུལ་ངང་ཞབས་ཞུའི་འགན་སྲུང་ལས་དོན་ཡག་པོ་བྱས་ནས་ཕྱོགས་གཉིས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་རོགས་སྐྱོར་མཉམ་ལས་ཀྱི་དོན་ཚན་དོན་ཐོག་ཏུ་འགྲོ་བར་འགན་ལེན་བྱེད་དགོས་པའི་བླང་བྱ་རེ་བ་བཏོན་ཡོད།

    ཧྲི་ཧྲན་པོས་ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱི་ལས་དོན་བྱ་གཞགཁག་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་དམིགས་བསལ་ནི་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་ཀྲུང་གོ་ཡུལ་སྐོར་ཚོགས་པས་བདེ་ཆེན་ལ་རོགས་སྐྱོར་དང་མ་རྩ་བཞག་པ་མ་རྩ་འཇོག་པ་བྱ་རྒྱུའི་ཡིད་ཆེས་ཆེ་རུ་ཕྱིན་ཡོད། ཀྲུང་གོ་ཡུལ་སྐོར་ཚོགས་པས་བདེ་ཆེན་ཁུལ་དང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་བདེ་ཆེན་དོན་དངོས་དངོས་ཡོད་དང་ཚོགས་པའི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་གཞིར་གཞི་ཚུགས་ཏེ་འབྱུང་འགྱུར་ལ་ཁ་ཕྱོགས་ནས་ལམ་བཤངས་གསར་གཏོད་བྱས་ཏེ་འབད་བརྩོན་གང་ལེགས་བྱས་ཏེ་ཞིབ་འཇུག་དཔྱད་བསྡུར་དང་ཇུས་འགོད་ཧུར་ཐག་བྱས་ཏེ་བདེ་ཆེན་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་།    རྒྱུན་མཐུད་གྱིས་ཐོན་ལས་དང་།    སློབ་གསོ་རིག་གནས།    ཤེས་ལྡན་མི་སྣ།    འཛད་སྤྱོད་སོགས་ཐད་རོགས་རམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕན་སྐུལ་དང་མངོན་འགྱུར་དབར་མཉམ་ལས་ཀྱི་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུ་ཡིན་ཞེས་བསྟན་ཡོད། 

    ལུའོ་ཁྲའོ་ཧྥེང་འཁོར་དང་བཅས་པས་ད་དུང་ཀྲུང་གོ་ཡུལ་སྐོར་ཚོགས་པའི་རིག་གནས་ཡུལ་སྐོར་གཉེར་སྐྱོང་རྣམ་གྲངས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་རྣམ་གྲངས་ལ་རྟོག་ཞིབ་བྱས་པ་རེད། ཀྲུང་གོ་ཡུལ་སྐོར་ཚོགས་པའི་ཁྲེན་རུང་དང་ཧ་ཡུས་ཧྥུན།    ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་ཧོང་ལུང་ཞིན།    ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།