ཞི་ཅིན་ཕིང་གིས་ཧྥུའུ་ཀྲིག་མི་དམངས་ལ་སྔར་ལས་ལྷག་པར་བདེ་སྐྱིད་བསྐྲུན་དགོས་པར་བསྟན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-29   རྩོམ་ཁུངས།    ཞིན་ཧྭ་དྲ་བ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས24ཉིན་གྱི་ཕྱི་དྲོར། ཧྥུའུ་ཅན་ཞིང་ཆེན་དུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྥུའུ་ཀྲིག་ཧྥུའུ་ཧྲན་གྲོང་འདབས་ཀྱི་སྤྱི་གླིང་ཧྥུའུ་རུང་གླིང་དུ་ཕེབས་ནས་སྤྲོ་གསེང་ལུས་སྦྱོང་བྱེད་བཞིན་པའི་ཧྥུའུ་ཀྲིག་གྲོང་མི་དང་མཉམ་དུ་བྱམས་བརྩེའི་ངང་བསམ་བློ་བརྗེ་རེས་བྱས། ཞི་ཅིན་ཕིང་གིས“ངས་ཧྥུའུ་ཀྲིག་ཏུ་ལོ་ངོ་དྲུག་བདུན་རིང་བྱ་བ་སྒྲུབ་མྱོང་ཞིང་། ལོ37སྟེང་གནས་འདིར་སླེབས་ནས། ངའི་མི་ཚེ་ཁྲོད་ཀྱི་ལང་ཚོ་ཆེས་ཡག་ཤོས་གནས་དེར་ཕུལ་བ་ཡིན་པས། ང་ལ་མྱོང་ཚོར་མང་པོ་ཡོད” ཞི་ཅིན་ཕིང་གིས་ང་རང་འདི་ནས་བྱ་བ་སྒྲུབ་དུས་ཧྥུའུ་ཀྲིག་འདི་ཉིད་མཚོ་འགྲམ་གྲོང་ཁྱེར་དང་རི་ཆུའི་གྲོང་ཁྱེར་ཞིག་ཏུ་བསྐྲུན་པའི་བསམ་ཚོད་བཅིངས་མྱོང་ཡོད། ད་སྐབས་བལྟས་ཡོང་ན་ངས་བསམ་ཚོད་ལས་ཀྱང་འཕེལ་རྒྱས་ཡག་པོ་བྱུང་འདུག་པས་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་དང་། བསོད་ནམས་ཆེ་བའི་ཧྥུའུ་ཀྲིག་མི་དམངས་ལ་སྔར་ལས་ལྷག་པར་བདེ་སྐྱིད་བསྐྲུན་པའི་རེ་བ་ཡོད་ཅེས་གསུངས། །