དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཁ་བ་དཀར་པོའི་པི་ཝང་དུས་ཆེན་གྱི་ལས་རིམ་རེའུ་མིག་ཐོན་འདུག
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། རིན་ཆེན་ཚེ་རིང་། དུས་ཚོད། 2018-07-11 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 31

       ཁ་བ་དཀར་པོའི་པི་ཝང་དུས་ཆེན་ཟླ་7པའི་ཚེས་20ཉིན་སྤེལ་རྒྱུ་ཡིན་ལ། སྐབས་དང་བོར་རིག་རྩལ་སྤྲོ་ཚོགས་དང་ལུས་རྩལ་འགྲན་བསྡུར། ཁྱད་ལྡན་ཐོན་རྫས་ཀྱི་འགྲེམ་ཚོང་བཅས་ཡོད་པ་རེད།

       ཟླ་7པའི་ཚེས་20ཉིན་མགྲོན་བསུའི་དགོང་ཚོགས་ཡིན་ལ། ཟླ་7པའི་ཚེས་21ཉིན་གྱི་སྔ་དྲོའི་ཆུ་ཚོད་10སྟེང་དབུ་ནུབ་སྟེང་ཐང་ཆེན་ནས་དངོས་ལྗོངས་འཁྲབ་སྟོན་ཆེན་པོ་བྱ་རྒྱུ་ཡིན་པ་རེད། ཟླ་7པའི་ཚེས་21ཉིན་ནས་ཚེས་28བར་རྫོང་ལུས་རྩལ་ཁང་ནས་“ཁ་བ་དཀར་པོ་བུམ་པའི་”ལག་རྩེད་སྤོ་ལོའི་འགྲན་བསྡུར་སྤེལ་རྒྱུ་ཡིན་ལ། ཝུན་ཧྲང་འབྱོར་ཚོགས་ཐང་ཆེན་ནས་པི་ཝང་གི་གར་སྟེགས་འགྲན་བསྡུར་སྤེལ་རྒྱུ་ཡིན་པ་རེད།བྱེད་སྒོའི་སྐབས་སུ་ད་རུང་མཐའ་འདྲེས་མཚེས་རྫོང་དང་གྲོང་ཁྱེར་གྱི་རིག་རྩལ་བྱེད་སྒོ་དང་པི་ཝང་གི་བགྲོ་གླེང་སོགས་ཡོད།ཟླ་7པའི་24ཉིན་མཇུག་སྒྲིལ་དགོང་ཚོགས་བསྡུ་རྒྱུ་ཡིན་པ་རེད།