དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
ཟླ་7ཚེས་1ཉིན་ཟི་ལིང་ནས་གཞིས་ཀ་རྩེའི་བར་ཐད་གཏོང་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད་འདུག
རྩོམ་པ་པོ། མི་གསལ། དུས་ཚོད། 2018-06-27 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 2201

       རྒྱ་ཆེའི་འགྲུལ་པ་རྣམས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་ཆེད་དང་།“དྲོ་སྐྱིད་ལྡན་པའི་འགྲུལ་བཞུད་དང་། སྟབས་བདེ་བའི་འགྲུལ་བཞུད། བདེ་འཇགས་ངང་འགྲུལ་བཞུད”མངོན་འགྱུར་ཡོང་ཆེད།ལམ་བར་དུ་བབས་ཚུགས་ཉུང་དུ་བཏང་ཡོད། གསར་འགོད་པས་ལྷ་ས་མེ་འཁོར་བབས་ཚུགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ཟླ་7ཚེས་1ཉིན་གྱི་མཚན་མོའི་ཆུ་ཚོད་12ནས་བཟུང་ཟི་ལིང་ནས་གཞིས་ཀ་རྩེའི་བར་གྱི་འགྲུལ་སྐྱེལ་མེ་འཁོར་Z6811ཐེངས་གྲངས་2སྤྱོད་འགོ་ཚུགས་རྒྱུ་ཡིན་པ་དང་།གཞིས་ཀ་རྩེ་ནས་ཟི་ལིང་བར་འགྲོ་སྐབས་ལྷ་སར་བར་འགྱུར་བྱེད་དགོས་ཀྱི་མེད་པ་རེད།

       གཞིས་ཀ་རྩེ་བབས་ཚུགས་ནས་ཐོན་པའི་དུས་ཚོད་ནི་ཆུ་ཚོད་14:25དང་ཟི་ལིང་དུ་འབྱོར་བའི་དུས་ཚོད་ནི་ཕྱི་ཉིན་གྱི་ཆུ་ཚོད་14:40རེད།  ཟི་ལིང་བབས་ཚུགས་ནས་ཐོན་པའི་དུས་ཚོད་ནི་ཆུ་ཚོད་20:30དང་གཞིས་ཀ་རྩེར་འབྱོར་བའི་དུས་ཚོད་ནི་ཕྱི་ཉིན་གྱི་ཆུ་ཚོད་20:58རེད།  ལམ་བར་དུ་མེ་འཁོར་ལྷ་ས་མེ་འཁོར་བབས་ཚུགས་བརྒྱུད་པས་མེ་འཁོར་བསྡོད་པའི་དུས་ཚོད་སོ་སོ་ནི་སྐར་མ་29དང་སྐར་མ་25ཡིན་པས།  འགྲུལ་པ་ཚོས་མེ་འཁོར་བརྗེ་དགོས་ཀྱི་མེད།

       ཉེ་ཆར།རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་སྒྱུར་ཨུ་ལྷན་དང་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས“ཡུལ་སྐོར+ལྕགས་ལམ”གྱི་མཉམ་བསྡུས་ཐོན་རྫས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ་མཚོ་བོད་ལྕགས་ལམ་གྱི་ཁྱད་ལྡན་ཡུལ་སྐོར་སྤུས་རྟགས་གཏོད་པའི་ཐད་གྲོས་མོལ་གང་ལེགས་བྱས་ནས།   2018ལོའི་ཟླ་7ཚེས་1ཉིན“ལྷ་ས་ནས་ནག་ཆུ་བར”གྱི་Z8808/ཐེངས་གྲངས་7གྱི་ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན་གྱི་གྲོང་ཁྱེར་དབར་གྱི་སྤུས་རྟགས་དུས་གཏན་མེ་འཁོར་གཏོང་རྒྱུའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)