དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
ཞི་ཅིན་ཕིང་གིས་དུག་འགོག་བྱ་བར་མཛུབ་སྟོན་གལ་ཆེན་གནང་།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-06-27 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། ཀློག་གྲངས། 2110

       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུག་འགོག་བྱ་བར་མཛུབ་སྟོན་གལ་ཆེན་གནང་ནས།ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཁྱད་སྟོབས་དང་ལམ་ལུགས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ།བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། བྱ་བའི་ལས་འགན་དངོས་འབེབས་བྱེད་པ། མང་ཚོགས་སྐུལ་སློང་རྒྱ་ཆེར་བྱེད་པ།ཀྲུང་གོའི་ཁྱད་ཆོས་ཀྱི་དུག་རྫས་གནད་དོན་འགོག་བཅོས་བགྲོད་ལམ་དུ་སྐྱོད་པ་བཅས་བྱས་ཏེ།དུས་རབས་གསར་པའི་དུག་འགོག་གི་མི་དམངས་ཀྱི་དམག་འཁྲུག་ལས་རྣམ་པར་རྒྱལ་བར་བྱེད་དགོས་ཞེས་ནན་གྱིས་བསྟན།

       ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་དང་ས་ཁུལ་སོ་སོ། འབྲེལ་ཡོད་སྡེ་ཁག་སོ་སོས་ཀྲུང་དབྱང་གི་ཇུས་འགོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས།རང་འགུལ་གྱིས་བྱ་བ་སྒྲུབ་པ་དང་དཀའ་ངལ་ཁྱད་དུ་སེལ་ཏེ། དུག་འགོག་བྱ་བར་དུས་རིམ་རང་བཞིན་གྱི་ཕན་འབྲས་གལ་ཆེན་ལེན་དགོས་ཟེར།

       ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུག་འགོག་བྱ་བ་ནི་རྒྱལ་ཁབ་ཀྱི་བདེ་སྡུག་དང་མི་རིགས་ཀྱི་དར་རྒུད།མི་དམངས་ཀྱི་བདེ་སྐྱིད་བཅས་ལ་འབྲེལ་བ་ཡོད་པ་དང་། དུག་རྫས་ཉིན་གཅིག་ལ་མེད་པར་མ་བཏང་ན།དུག་འགོག་འཐབ་རྩོད་ཉིན་གཅིག་ལ་ཡང་ལྷོད་གཡེང་དུ་གཏོང་མི་རུང་། དུག་རྫས་ཁྲིམས་འགལ་ནག་ཉེས་ལ་ཁྲིམས་ལྟར་རྒོལ་རྡུང་ནན་མོ་བྱེད་པ་དང་།ས་ཁུལ་གཙོ་བོའི་བཅོས་སྐྱོང་ཤུགས་ཚད་ཇེ་ཆེར་གཏོང་བ། དུག་རྫས་བཟོ་འཚོང་སྡེ་ཚོགས་ཀྱི་དྲ་བ་རྩ་བ་ནས་བརླག་པ།དུག་འབྲེལ་ངན་ཤུགས་དང་དེར་སྲུང་སྐྱོབ་བྱེད་མཁན་རྩ་བ་ནས་སྔོག་པ་བཅས་བྱས་ནས། དུག་རྫས་གནད་དོན་གྱི་འབྱུང་གཞི་རྩ་བ་ནས་བརླག་དགོས།འགག་སྒོ་སྔོན་སྣུར་དང་སྔོན་འགོག་སྔོན་འཛིན་རྒྱུན་འཁྱོངས་བྱས་ནས། ན་གཞོན་ལོ་ཆུང་སོགས་ལ་གཙོ་བོར་དམིགས་ཏེ་དུག་རྫས་སྔོན་འགོག་གི་དྲིལ་སྒྲོག་སློབ་གསོ་ཟབ་སྤེལ་གྱིས་སྤྱི་ཚོགས་ཡོངས་སུ་དུག་རྫས་རང་རྟོགས་ཀྱིས་འགོག་པའི་སྣང་ཚུལ་ཟབ་མོ་ཆགས་སུ་འཇུག་དགོས།

       གཅིག་སྟོང་དགུ་བརྒྱ་གྱ་བདུན་ལོའི་ཟླ་བཅུ་གཉིས་པར།སྐབས་གཉིས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ལས་ལོ་རེའི་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོར་གཏན་ཁེལ་བྱས།ད་ལོའི་དུག་འགོག་ཉིན་མོར་རང་རྒྱལ་གྱི་དྲིལ་སྒྲོག་བརྗོད་གཞི་ནི་བདེ་ཐང་མི་ཚེ། ལྗང་མདོག་དུག་བྲལ་ཞེས་པ་དེ་རེད།


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)