དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
ངོ་མཚར་ཅན་གྱི་བོད་ཤོག་གི་རྒྱུན་འཛིན་པ་ཚེ་རིང་རྡོ་རྗེ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-06-21 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 1601

    ཟླ་6པ་ཤར་མཚམས་ནས་ས་མཐོའི་ནས་ཀྱི་ལོ་ཏོག་བསྡུ་བར་ད་དུང་ཟླ་བ་གཉིས་ཙམ་ཡོད། འོན་ཀྱང་ཚེ་རིང་རྡོ་རྗེའི“ལོ་ཏོག”ནི་བསྡུ་བའི་དུས་ཚིགས་ལ་སླེབས་ཡོད། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དར་རོང་གྲོང་རྡལ་ཞོ་ལེགས་གྲོང་ཚོའི་ལྗང་མདོག་གི་ནས་ཞིང་ཁྲོད།  མེ་ཏོག་རྣམ་པར་བཀྲ་བ་བཞད་པའི་རེ་ལྕག་འདེབས་པའི་ཞིང་གིས་མིག་དབང་འཕྲོག་པ་ཞིག་ཡོད། ལོ་68ལ་སླེབས་པའི་ཚེ་རིང་རྡོ་རྗེས་ཞིབ་ཚགས་ངང་ཞིང་ཁར་བཟོ་བཅོས་བྱས་ཡོད། ཚེ་རིང་རྡོ་རྗེ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཞོ་ལེགས་བོད་ཤོག་གི་རྒྱུན་འཛིན་པ་ཡིན་ཞིང་། རེ་ལྕག་ནི་ཞོ་ལེགས་བོད་ཤོག་གི་རྒྱུ་ཆ་གཙོ་བོ་ཡིན། ཚེ་རིང་རྡོ་རྗེས“ངའི་སྤོ་བོ་ལགས་དང་པཱ་ལགས་ཚང་མས་བོད་ཤོག་ལ་བརྟེན་ནས་འཚོ་བ་སྐྱེལ་གནང་ཡོད་པ་དང་། ཁོང་རྣམས་པས་བོད་ཤོག་གི་ལག་རྩལ་དག་ང་ལ་རྒྱུད་སྤྲོད་གནང་བྱུང་།  བོད་ཤོག་ནི་དྲན་ཤེས་ཞིག་ཡིན་ཏེ།  ངས་དྲན་ཤེས་འདི་མུ་མཐུད་རྒྱུད་སྤྲོད་བྱ་འདོད་ལ།  རེ་ལྕག་འདེབས་པ་ནི་ངའི་ཚོད་ལྟ་ཤིག་ཀྱང་ཡིན”ཞེས་བརྗོད།