དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
ཚ་བ་རྒྱས་པའི་ནད་པས་ཆུ་མང་ཙམ་བཏུང་དགོས།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-06-11 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 180

       

       ནད་པ་ཚ་བ་རྒྱས་པའི་སྐབས་སུ་ལུས་པོའི་ནང་གི་རྙིང་ཚབ་གསར་བྱེད་ཀྱི་ནུས་པ་འདོན་ཤུགས་ཆེ་རུ་འགྲོ་གི་ཡོད་པར་བརྟེན་ཆུ་རླངས་པར་འགྱུར་རྒྱུ་ཡང་དུས་རྒྱུན་ལས་མགྱོགས་པ་ཡོད། དེ་འདྲ་ཡིན་སྟབས་ངེས་པར་དུ་ཆུ་ཁོལ་མང་ཙམ་བཏུང་བར་བརྟེན་ནས་ལུས་པོའི་ནང་ཆུ་ཆུ་མ་འདང་བ་དེ་ཁ་གསབ་བྱ་དགོས།

       གཞན་ཡང་ནད་པ་ཚ་བ་རྒྱས་པ་ནི་གཙོ་བོ་ནད་ཀྱི་འབྱུང་ཁུངས་སྣ་ཚོགས་ཀྱི་དུག་རྒྱུའི་གནོད་འཚེ་ཕོག་པའི་འབྲས་བུ་ཞིག་རེད། དུག་རྒྱུ་དེ་རིགས་ཁྲག་རྒྱུན་འཁོར་སྐྱོད་བྱས་པ་བརྒྱུད་གཅིན་པ་དང་མཉམ་དུ་ཕྱིར་འབུད་བྱེད་ཀྱི་ཡོད་པ་དང་དེ་ལས་ལྡོག་ན་དུག་རྒྱུ་ཕུང་གསོག་ཐེབས་ནས་དུག་ཕོག་གི་རེད། དུག་རྒྱུ་ཕྱིར་འབུད་མགྱོགས་ཙམ་དང་མང་ཙམ་བྱེད་ཐུབ་ཆེད་ནད་པས་ངེས་པར་དུ་ཆུ་ཁོལ་གང་མང་བཏུང་དགོས།

       དེ་ལྟར་བྱས་ན་ལུས་པོའི་ནང་གི་ཆུ་མང་དུ་སོང་ནས་གཅིན་པའི་འབོར་ཚད་དང་ཐེངས་གྲངས་གཉིས་ཀ་མང་དུ་སོང་སྟེ་དུག་རྒྱུ་ཕྱིར་འབུད་བྱ་རྒྱུ་མགྱོགས་སུ་འགྲོ་བ་དང་ཆབས་ཅིག་དེའི་གནོད་འཚེ་ཡང་ཡང་དུ་གཏོང་ཐུབ། སྐབས་འགར་ལུས་པོའི་ནང་རྔུལ་ཆུ་ཐོན་ནས་ཚ་བ་འཇགས་པའི་དམིགས་ཡུལ་འགྲུབ་ཆེད་ཚ་འཛོམས་སྨན་ལ་སི་ཕེ་ལིན་ལ་སོགས་བཟའ་དགོས་ཀྱི་ཡོད་སྟབས་སྐབས་དེར་ལུས་པོའི་ནང་ཆུ་དེ་བས་མང་བ་ཞིག་དགོས་ཀྱི་ཡོད། གལ་ཏེ་ཆུ་མེད་ན་རྔུལ་ཆུ་ཐོན་མི་ཐུབ།


རྩོམ་སྒྲིག་པ། (རིན་ཆེན་ཚེ་རིང་། )