དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
ཆུ་བཏུངས་ཀྱང་ཚོ་བསགས་ན་མཆིན་པར་བརྟག་དཔྱད་བྱེད་དགོས།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-06-07 རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། ཀློག་གྲངས། 192

        གལ་ཏེ་ཁྱེད་ལ་ཆུ་བཏུངས་ནའང་ཚོ་གསོག་པའམ་ཟ་མ་ཉུང་བཟའ་དང་། ལུས་ཕུང་སྦྱོང་བརྡར་བྱས་ཀྱང་ཕན་ཐོགས་མེད་ཚེ་མཆིན་པར་ནད་ཡོད་མེད་ལ་མྱུར་དུ་བརྟག་དཔྱད་བྱ་དགོས།

        མཆིན་པ་ནི་མིའི་ལུས་པོའི་ཚིལ་ལུ་བརྗེ་ཚབ་བྱེད་སའི་གནས་ཡིན་པས། མིའི་ལུས་ཕུང་ནང་གི་ཚིལ་ལུས་ནུས་ཚད་འདོན་སྤྲོད་བྱེད་དགོས་སྐབས་པགས་འོག་གི་ཚིལ་ལུས་ནུས་ཚད་འདོན་སྤྲོད་བྱེད་མགོ་བརྩམས་པ་དང་། ཚིལ་ལུ་དེ་པགས་འོག་ནས་མཆིན་པའི་ནང་སྐྱེལ་འདྲེན་བྱེད་པའི་ནུས་པ་འདོན་གྱིན་ཡོད། མིས་དུས་ཡུན་རིང་པོར་ཆང་འཐུང་བ་དང་། ཐ་མག་འཐེན་པ། མཚན་འཁྱོངས་པའམ་འཚོ་བཅུད་མི་འདང་བའི་སྐབས་སུ། ཚིལ་ལུའི་བརྗེ་ཚབ་ལ་ནུས་པ་མ་ཐོན་པར་ཚིལ་འབོར་ཆེན་ཞིག་ལུས་པོའི་ནང་བསགས་པ་དང་། དུས་མཚུངས་སུ་མིའི་ལུས་ལ་ཚིལ་ལུ་དགོས་པར་གེགས་ཆ་ཐེབས་ཡོད་པས། རྒྱགས་པ་ཆགས་པ་དང་ཁྲག་སྣུམ་མཐོ་བའི་ནད་རིགས་ཀྱང་དེར་བརྟེན་ནས་འབྱུང་གིན་ཡོད། དེའི་ཕྱིར་རྙིང་ཚབ་གསར་བརྗེ་བྱེད་མི་ཐུབ་པས་ཟ་མ་གང་ཞིག་ཟོས་ཀྱང་ཡོད་ཚད་ཚིལ་ལུ་རུ་གྱུར་ནས་ཚོ་གསོག་གིན་ཡོད། །

 

རྩོམ་སྒྲིག་པ། (པདྨ་མཚོ།)