དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་2018ལོའི་དབུལ་ཐར་མཁྲེགས་གཏོར་ལྟ་སྐུལ་སྐོར་ཞིབ་བྱ་བ་སྤེལ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-06-05 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། ཀློག་གྲངས། 5497

       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབུལ་ཐར་མཁྲེགས་གཏོར་བྱ་བའི་རྒྱུན་ལྡན་ཅན་གྱི་ལྟ་སྐུལ་སྐོར་ཞིབ་སྐོར་གྱི་མཛུབ་སྟོན་རེ་བ་ལག་ལེན་མཐར་ཕྱིན་བྱེད་ཆེད།ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱི་དབུལ་ཐར་མཁྲེགས་གཏོར་ལྟ་སྐུལ་སྐོར་ཞིབ་བྱ་བའི་བྱེད་ཐབས་ཀྱི་གཏན་འབེབས་གཞིར་བཟུང་སྟེ།ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་2018ལོའི་དབུལ་ཐར་མཁྲེགས་གཏོར་ལྟ་སྐུལ་སྐོར་ཞིབ་བྱ་བ་སྒྲུབ་མགོ་བརྩམས་ཏེ།ཟླ་དྲུག་པ་ནས་ཟླ་དགུ་བའི་བར་དུ་སྔ་གཞུག་ཏུ་ཁག་གསུམ་ལ་བགོས་ནས་དབུས་ནུབ་ས་ཁུལ་གྱི་ཞིང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་བཅས་ཉེར་གཉིས་ལ་དུས་ཡུན་ཉིན་བདུན་ནས་ཉིན་བཅུའི་བར་ལྟ་སྐུལ་སྐོར་ཞིབ་བྱེད་རྒྱུ་རེད།ལྟ་སྐུལ་སྐོར་ཞིབ་ཚན་ཆུང་ཉེར་གཉིས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་མི་སྣས་སྣེ་ཁྲིད་བྱེད་རྒྱུ་དང་།འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣ་དེའི་ཁྲོད་ལེན་རྒྱུ་མ་ཟད། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་གིས་མངགས་པའི་མི་སྣ་གདན་འདྲེན་བྱེད་རྒྱུ་རེད།

       ཐེངས་འདིའི་ལྟ་སྐུལ་སྐོར་ཞིབ་བྱ་བའི་ལས་འགན་གཙོ་བོ་ནི་2017ལོའི་ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་དབུལ་སྐྱོར་གསར་སྤེལ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་སྐབས་རྩད་བཅད་པའི་གནད་དོན་དག་ཐེར་ཡོ་བསྲང་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་སྐོར་ཞིབ་བྱེད་པ་དང་།ས་གནས་ཀྱིས་བྱ་བ་ལེགས་སྒྲུབ་བྱེད་པར་མཛུབ་སྟོན་བྱེད་རྒྱུ་དེ་རེད


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)