དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
བདེ་ཆེན་ནས་རྩལ་བོ་ཆེ་མི་200ལྷག་གི་འགྲན་སློང་འགྲན་བསྡུར་སྤེལ་རྒྱུ་ཡིན་པ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། རིན་ཆེན་ཚེ་རིང་། དུས་ཚོད། 2018-05-18 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 1369

       ཟླ་5བའི་ཚེས་20ཉིན་གྱི་སྔ་དྲོའི་དུས་ཚོད་7དང་ཕྱེད་ཀའི་སྟེང་ནས།2018ལོའི་སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་རྩལ་བོ་ཆེའི་རྣམ་གྲངས་གཉིས་ཀྱི་འགྲན་སློང་འགྲན་བསྡུར་འགོ་འཛུགས་རྒྱུ་ཡིན་པ་རེད།

       ཐེངས་འདིའི་འགྲན་བསྡུར་ལ་རྒྱལ་ཁབ་ཕྱི་ནང་ཀུན་ནས་ཡོང་བའི་ལུས་རྩལ་བ་200ལྷག་ཞུགས་རྒྱུ་ཡིན་ལ། དེའི་ཁྲོད་ཕྱི་རྒྱལ་ནས་ཡོང་བའི་ལུས་རྩལ་བ་40ཡོད། རྒྱུག་ལམ་གྱི་རིང་འཐུང་ལ་བསྡོམས་པས་སྤྱི་ལེ་50ཡོད་ལ། དེའི་ཁྲོད་རྐང་ཐང་ལ་སྤྱི་ལེ་15རྒྱུག་དགོས་པ་དང་རྐང་འཁོར་བསྐོར་ནས་སྤྱི་ལེ35རྒྱུག་དགོས་པ་རེད།

         འགྲན་བསྡུར་གྱི་སྐབས་སུ་ལམ་ཐིག་འགའི་འགྲིམ་འགྲུལ་བཀག་གཉེར་བྱེད་རྒྱུ་ཡིན་པས་ཚང་མས་གཟབ་གཟབ་བྱོས།  





རྩོམ་སྒྲིག་པ། (རིན་ཆེན་ཚེ་རིང་། )