ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-21   རྩོམ་ཁུངས།    ཁམས་པའི་དྲ་བ།

        1956ལོའི་ཟླ9པར་སྐོང་འཚོགས་བྱས་པའི་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ནི་ཏང་ལ་རྒྱལ་ཡོངས་ཀྱི་སྲིད་འཛིན་གོ་གནས་ཐོབ་རྗེས་སྐོང་འཚོགས་བྱས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་ཡིན།

        1956ལོའི་ཟླ9ཚེས15ཉིན་ནས་ཚེས27ཉིན་བར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་པེ་ཅིང་རྒྱལ་ཡོངས་སྲིད་གྲོས་ཚོགས་ཁང་དུ་གཟབ་རྒྱས་ངང་འཚོགས། ཚོགས་འདུར་ཞུགས་མཁན་འཐུས་མི་ཁྱོན་བསྡོམས1026ཡོད་པ་དང་རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི1073གྱི་ཚབ་ཞུས་ཡོད། ཕྱི་རྒྱལ་གྱི་གུང་ཁྲན་ཏང་དང་བཟོ་པའི་ཏང་གི་འཐུས་མི་ཚོགས་པ50ལྷག་དང་དེ་བཞིན་རྒྱལ་ནང་གི་དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་དམངས་གཙོའི་མི་དྲག་གི་འཐུས་མི་གདན་ཞུས་ལྟར་ཚོགས་ཆེན་ལ་ཞུགས།མའོ་ཙེ་ཏུང་གིས་མགོ་ཚུགས་གསུང་བཤད་གནང་བ་དང་། ལུའུ་ཧྲའོ་ཆིས་ཀྲུང་གུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཆབ་སྲིད་སྙན་ཞུ་གནང་བ། ཏེང་ཞའོ་ཕིང་གིས་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་སྙན་ཞུ་གནང་བ། ཀྲོའུ་ཨེན་ལའེ་ཡིས་རྒྱལ་དམངས་དཔལ་འབྱོར་གོང་དུ་སྤེལ་བའི་ལོ་ལྔའི་འཆར་གཞི་གཉིས་པའི་སྐོར་གྱི་གྲོས་མགོའི་སྙན་ཞུ་གནང་བ་རེད།

        ཚོགས་ཆེན་ཐོག་སྙན་ཞུ་ཁག་དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང་།《ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པའི་ཆབ་སྲིད་སྙན་ཞུའི་སྐོར་གྱི་གྲོས་ཆོད》དང་།《ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པའི་རྒྱལ་དམངས་དཔལ་འབྱོར་གོང་དུ་སྤེལ་བའི་སྐོར་གྱི་ལོ་ལྔའི་འཆར་གཞི་གཉིས་པ(1958ལོནས1962ལོ)ཡི་གྲོས་འགོ》བཅས་ལ་གྲོས་འཆམ་བྱུང་། སྐབས་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱས་ནས་གྲོས་རིམ་ཁག་ཡོངས་སུ་གྲུབ་པ་རེད། ཚོགས་ཆེན་གྱིས་མཇུག་མཐར་ཀྲུང་དབྱང་ཨུ་ཡོན97དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན73བདམས།

        ཟླ9པའི་ཚེས28ཉིན། ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བརྒྱད་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། ཀྲུང་དབྱང་མགོ་ཁྲིད་ལས་ཁུངས་གསར་པ་བདམས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནི་མའོ་ཙེ་ཏུང་དང་། ལིའུ་ཧྲའོ་ཆི། ཀྲོའུ་ཨེན་ལའེ། ཀྲུའུ་ཏེ། ཁྲེན་ཡུན། ཏེང་ཞའོ་ཕིང་། ལིན་པིའོ། ལིན་པོ་ཆུན། ཏུང་པི་ཝུའུ། ཕེང་ཀྲེན། ལུའོ་རུང་ཧོན། ཁྲེན་དབྱི། ལི་ཧྥུ་ཁྲུན། ཕེང་ཏེ་ཧོའེ། ལིའུ་པོ་ཁྲེང་། ཧོ་ལུང་། ལི་ཞན་ཉན་བཅས་དང་། རྗེས་སྣོན་ཨུ་ཡོན་ནི་ཝུའུ་ལན་ཧྥུ་དང་། ཀྲང་ཝུན་ཐེན། ལུའུ་ཏིན་དབྱི། ཁྲེན་པོ་ཏ། ཁང་ཧྲེང་། པོ་དབྱི་པོ་བཅས་ཡིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནི་མའོ་ཙེ་ཏུང་དང་། ལིའུ་ཧྲའོ་ཆི། ཀྲོའུ་ཨེན་ལའེ། ཀྲུའུ་ཏེ། ཁྲེན་ཡུན། ཏེང་ཞའོ་ཕིང་བཅས་ཡིན། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ནི་མའོ་ཙེ་ཏུང་ཡིན་པ་དང་། ཀྲུའུ་ཞི་གཞོན་པ། ལིའུ་ཧྲའོ་ཆི་དང་། ཀྲོའུ་ཨེན་ལའེ། ཀྲུའུ་ཏེ། ཁྲེན་ཡུན་བཅས་ཡིན། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཏེང་ཞའོ་ཕིང་ཡིན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཏེང་ཞའོ་ཕིང་དང་། ཕེང་ཀྲེན། ཝང་ཅ་ཞང་། ཐན་ཀྲེན་ལིན། ཐན་ཀྲེང་། ཧོང་ཁེ་ཁྲེང་། ལི་ཞུའེ་ཕུང་བཅས་དང་། རྗེས་སྣོན་ཧྲུའུ་ཅི་ནི་ལིའུ་ལན་ཐའོ་དང་། དབྱང་ཧྲང་ཁུན། ཧུའུ་ཆའོ་མུའུ་བཅས་ཡིན། ཀྲུང་དབྱང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ནི་ཏུང་པི་ཝུའུ་ཡིན།

        ཏང་གི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་ཐོན་སྐྱེད་རྒྱུ་ཆས་སྒེར་ལ་དབང་བའི་ལམ་ལུགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་བྱ་རྒྱུ་དེ་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་བའི་གནས་ཚུལ་འོག་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོ་ནི་ཐོན་སྐྱེད་ཀྱི་འབྲེལ་བ་གསར་པའི་འོག“ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་དང་འཕེལ་རྒྱས་གཏང་རྒྱུ”ཡིན་ཞེས་ནན་བཤད་བྱས་པ་དང་། ཏང་ཡོངས་ཀྱིས་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏང་དགོས། དེ་ནི་ཚོགས་ཆེན་ཐེངས་བརྒྱད་པའི་རིགས་པའི་གཞུང་ལུགས་ཀྱི་བྱས་རྗེས་གལ་ཆེ་ཤོས་ཤིག་རེད།

        ཚོགས་ཆེན་ཐེངས་བརྒྱད་པས་གནས་བབ་གསར་པའི་འོག་གི་རྒྱལ་ནང་གི་འགལ་བ་གཙོ་བོར་དབྱེ་ཞིབ་བྱ་རྒྱུ་རྨང་གཞིར་འཛིན་པ་དང་། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། ཕྱི་འབྲེལ་སོགས་ཀྱི་ཐད་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ་སྟེ། དང་པོ། བག་ཁུམ་ལ་ངོ་རྒོལ་བྱ་དགོས་ལ་ཐལ་སྐྱོད་ལ་ཡང་ངོ་རྒོལ་བྱ་དགོས་པ་དང་། ཕྱོགས་བསྡུས་དོ་མཉམ་གྱི་ཁྲོད་དུ་གོམ་པ་བརྟན་པོས་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱ་དགོས། གཉིས་པ། དཔལ་འབྱོར་དོ་དམ་ལེགས་བཅོས་བྱེད་པའི་བྱེད་ཕྱོགས་དང་སྲིད་ཇུས་འཚོལ་ཞིབ་བྱ་དགོས། གསུམ་པ། མི་དམངས་དམངས་གཙོ་རྒྱ་བསྐྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཐུས་ཚང་འཛུགས་དགོས་ཚུལ་ནན་བཤད་བྱས་ཡོད། བཞི་པ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་རིག་གནས་འཛུགས་སྤེལ་བྱ་རྒྱུའི་བྱེད་ཕྱོགས་དང་ལས་འགན་གཏན་འབེབས་གསལ་པོར་བྱས་ནས“མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང”བྱ་རྒྱུ་དེ་ཚན་རིག་དང་རིག་གནས་སྒྱུ་རྩལ་གྱི་ལས་དོན་དར་རྒྱས་གཏོང་བའི་སློབ་སྟོན་བྱེད་ཕྱོགས་སུ་ངོས་འཛིན་ངེས་གཏན་བྱ་དགོས། ལྔ་པ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་རྨང་གཞིར་འཛིན་པའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་བྱ་དགོས་པ་བཅས་སོ།།