བདེ་ཆེན་ཁུལ་གྱིས་“4·15”དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་སྐབས10པའི་མུ་འབྲེལ་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་དྲིལ་བསྒྲགས་ལག་བསྟར་བྱེད་པ།     མུ་མཐུད་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་གཏིང་ཟབ་བྱ་ཆེད། བདེ་ཆེན་ཁུལ་གྱིས་ཟླ4པའི་ཚེས15ཉིན་དར་ཆ་སྤྲོད་པའི་མཛད་སྒོ་འཚོགས་ལ། སྒྲོག་འགྲེལ་རུ་མི་20ལས་གྲུབ་པའི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི“གངས་ལྗོངས་མཐའ་མཚམས། ལེ་དབར་ཁྲི་ཕྲག་གི་བདེ་འཇགས”ཞེས་པའི་སྒྲོག་འགྲེལ་རུ་ཁག་དང་པོ་དེ་དངོས་སུ་གྲུབ་ནས།  རྒྱལ་ཁབ་བདེ་འཇགས་དྲིལ་བསྒྲགས་ཀྱི་སློབ་གསོ་དེ་མངའ་ཁོངས་ཁག་ཏུ་རྒྱ་སྐྱེད་གཏོང་བ་དང་།    གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ཕྱོགས་སུ་སྣུར་སྐྱེལ་བྱེད་པ། རྒྱ་ཆེའི་མང་ཚོགས་དང་ཉེ་བཅར་བཅས་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།  

    “4·15”དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་སྐབས10པའི་སྐབས་སུ།“གངས་ལྗོངས་མཐའ་མཚམས། ལེ་དབར་ཁྲི་ཕྲག་གི་བདེ་འཇགས”ཞེས་པའི་སྒྲོག་འགྲེལ་རུ་ཁག་གྲོང་ཚོར་བསྐྱོད་དེ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ལ། ལས་བྱེད་མི་སྣ་450ལྷག་རྩ་འཛུགས་བྱས་ནས་ཁུལ་རིམ་པའི་རྒྱལ་ཁབ་བདེ་འཇགས་གཏམ་བཤད་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་ལས་བྱེད་པས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་བྱང་ཚད་དང་།    འགན་འཁྲི་འདུ་ཤེས། བྱ་སྤྱོད་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།  

 

    དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་ཁྲོད།སྒྲོག་འགྲེལ་རུ་མི་20ཡིས་དམངས་ཡོངས་ཀྱིས་རྒྱལ་ཁབ་བདེ་འཇགས་གཏིང་ཟབ་ཏུ་སྤེལ་བའི་ལོ་འཁོར་བཅུ་ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་ནས།ལས་བྱེད་པས་གཏམ་བཤད་དང་།    གྱོད་དཔེ་དབྱེ་ཞིབ།   ཡུལ་དངོས་སུ་དྲིས་ལན་འདེབས་པ།    གླུ་གར་འཁྲབ་སྟོན་སོགས་མང་ཚོགས་ཀྱིས་མཐོང་ཐོས་དགའ་བའི་རྣམ་པ་བརྒྱུད་ནས་རྒྱ་ཆེའི་མང་ཚོགས་ལ་རྒྱལ་ཁབ་བདེ་ན་གཞི་ནས་དམངས་བདེ་ཡོང་བ་གཏིང་ཟབ་ཀྱི་ངོས་འཛིན་ཐོབ་ནས།   ཐུན་མོང་ཐོག་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་སྟོབས་ལྡན་ཞིག་འཛུགས་པར་བྱས་པ་རེད།

    སྒྲོག་འགྲེལ་རུ་མི་20ཡིས་བདེ་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་དོན་དམིགས་ནས།ནན་ཏན་སྒོས་རྒྱལ་ཁབ་བདེ་འཇགས་ཀྱི་མངའ་ཁོངས་ཁག་གི་ཉེན་ཁའི་མངོན་མེད་རྐྱེན་ངན་འགྲེལ་བཤད་བྱས་པ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་རང་རྟོགས་ངང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་དང་བདེ་ཆེན་གྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལངས་ཕྱོགས་བརྟན་པོ་ལངས་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས། ཐུན་མོང་ཐོག་ཁུལ་ཡོངས་མི་རིགས་མཐུན་འགྲིག་དང་ཆོས་ལུགས་འཆམ་པོ།སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བར་འགན་སྲུང་བྱས་པ་རེད།

    སྒྲོག་འགྲེལ་རུ་མི་20ཡིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་གྲངས་ཉུང་མི་རིགས་སྐད་ཡིག་ཟུང་འབྲེལ་བྱས་ནས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་མ་ཟད།    གོ་བདེ་ཤེས་སླའི་རྣམ་པའི་ཐོག་ནས་རྒྱ་ཆེའི་མང་ཚོགས་ཀྱིས་གོ་ཐུབ་པ་དང་།    གོ་བ་ལེན་ཐུབ་པ།    དང་ལེན་བྱེད་སླ་བ་བཅས་འགན་ལེན་བྱས་ནས། བདེ་འཇགས་ཀྱི་རྣམ་པ་གསར་པས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འགན་སྲུང་བྱེད་པའི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།      

    ཐེངས་འདིའི་མུ་འབྲེལ་བྱེད་སྒོ་སྤེལ་བ་བརྒྱུད། བདེ་ཆེན་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་དོན་དག་འགན་འཁྲི་ཆེ་བ་དང་། དུས་དང་རྣམ་པ་ཀུན་ཏུ་བློ་བདེ་པོ་མེད་པ། དུས་དང་རྣམ་པ་ཀུན་ཏུ་ང་དང་འབྲེལ་བ་ཡོད་པ། མི་ཚང་མ་འགོག་སྲུང་འཛིང་རགས་ཡིན་པ་བཅས་ངོས་འཛིན་གཏིང་ཟབ་བྱེད་པར་བཅུག་ནས། སྔར་ལས་ལྷག་པའི་སྒོ་ནས་གངས་ལྗོངས་མཐའ་མཚམས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཐུན་མོང་ཐོག་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་དང་བདེ་ཆེན་གྱི་བརྟན་ལྷིང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་ཐུན་མོང་གི་བསམ་བློ་རྨང་གཞི་སྔར་བས་བརྟན་དུ་བཏང་བ་རེད།