ལུའོ་ཁྲའོ་ཧྥེང་གིས་ཡེ་ཀྲི་གྲོང་རྡལ་དུ་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片
        ཟླ་4ཚེས་5ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་ཡེ་ཀྲི་གྲོང་རྡལ་དུ་འཇོལ་རྫོང་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་བྱེད་པར་ཕེབས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ལག་བསྟར་ནན་ཏན་བྱས་ཏེ།    འགན་འཁྲི་ཁུར་སེམས་དང་།    དུས་གཏུག་གི་བསམ་པ།    ལས་འགན་སྒྲུབ་སེམས་བཅས་སྔར་བས་ཆེ་རུ་བཏང་ནས་ལས་ཀའི་གོམ་སྟབས་མགྱོགས་སུ་བཏང་ནས་བསམ་བློ་རང་རྟོགས་དང་།    བྱ་སྤྱོད་རང་རྟོགས་དང་།    དེ་བས་ནུས་ལྡན་གྱི་ལས་ཀའི་བྱེད་ཐབས་བཅས་ལ་བརྟེན་ནས་འཇོལ་རྫོང་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་བྱེད་པའི་“འགག་སྒྲོལ་ལས་ཀ་”ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་དགོས་ཞེས་ནན་བཤད་གནང་བ་རེད།   
图片

        ཉིན་དེར་ལུའོ་ཁྲའོ་ཧྥེང་དང་བཅས་པ་རྫོང་མཁར་གྱི་གནས་ཡུལ་འདེམས་པའི་ས་ཁོངས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་ས་བབ་ཀྱི་ཆ་རྐྱེན་དང་འགྲིམ་འགྲུལ་བཀོད་སྒྲིག་དང་དེ་བཞིན་མཐའ་འཁོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཆར་འགོད་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་། གནས་སྤོ་དང་འབྲེལ་བ་ཡོད་པའི་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་གྲོང་མི་དང་སྙིང་གཏམ་ཤོད་རེས་བྱས་ནས་ཐོན་སྐྱེད་དང་འཚོ་བ་དང་གནས་སྤོའི་ཁ་གསབ་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་བྱས་པ་དང་མང་ཚོགས་ཀྱི་འདོད་བློ་དང་དངོས་ཡོད་རེ་ཞུ་ཉན་པ་དང་ས་གནས་ས་ཐོག་ཏུ་མང་ཚོགས་ལ་གནས་སྤོའི་ཕན་གནོད་དབྱེ་ཞིབ་བྱེད་རོགས་བྱས་ཏེ་“དཔལ་འབྱོར་ཁ་གསབ་ཀྱི་རྩིས་ཁྲ་”དང་“ཁོར་ཡུག་ལེགས་སུ་གཏོང་བའི་རྩིས་ཁྲ་”“འབྱུང་འགྱུར་འཕེལ་རྒྱས་ཀྱི་རྩིས་ཁྲ་”བཅས་གསལ་པོ་བཟོས་པ་རེད།

        བཀོད་འདོམས་པུའུ་རུ་ལུའོ་ཁྲའོ་ཧྥེང་གིས་འཐབ་ས་དང་པོ་བརྟན་སྲུང་གི་ལས་ཀའི་མི་སྣ་ལ་འཚམས་འདྲི་བྱས་པ་དང་འབྲེལ་ཡོད་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་ནན་ཏན་གྱིས་ཉན་པ་དང་།    གཏིང་སྐྱོད་ལས་བྱེད་པ་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་བྱས་པ་མ་ཟད།    ཉེ་དུས་ཐོབ་པའི་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་ཡང་བྱས་པ་རེད།    

图片

        ལུའོ་ཁྲའོ་ཧྥེང་གིས་ལས་བྱེད་པ་རིམ་པ་ཁག་གིས་ཚུགས་གནས་མཐོ་རུ་བཏང་ནས་འཇོལ་རྫོང་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་བྱེད་པའི་དགོས་གཏུག་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གསལ་པོ་བྱས་ཏེ་ཡིད་ཆེས་དང་ཆོད་སེམས་ཆེ་རུ་བཏང་ནས་འགྲན་སློང་དེ་གོ་སྐབས་དུ་བསྒྱུར་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས་ཟབ་མོ་ལ་བརྟེན་ནས་དམངས་ཕན་དང་དམངས་ཕན་གྱི་དོན་དངོས་འདི་བསྒྲུབ་པ་ཏན་ཏིག་བྱ་དགོས། དུས་ཚོད་ཀྱི་སྦྲེལ་ཚིགས་དང་དམིགས་ཚད་ཀྱི་ལས་འགན་དང་འགན་འཁྲི་ནན་དཀྲིས་དང་ལྡིང་ཤོག་ཀྱི་མྱུར་ཚད་ལ་དོ་སྣང་ཆེན་པོ་བྱས་ཏེ་དུས་བཀག་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་གནས་སྤོའི་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས།  དུད་ཚང་དུ་བསྐྱོད་པའི་སྐུལ་སློང་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ངང་ལེགས་སྒྲུབ་བྱས་ཏེ།    “སྟོང་བཞིའི་སྙིང་སྟོབས་”དར་སྤེལ་བཏང་སྟེ།    སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ།    རང་འགུལ་དང་གནས་བརྗེ་བསམ་གཞིག་བཅས་བྱས་ཏེ།    ལྷག་བསམ་རྣམ་དག་དང་ངང་རྒྱུད་རིང་པོས་མང་ཚོགས་ཀྱི་དོགས་པ་སེལ་བ་བྱས་ཏེ།    གནས་སྤོ་སྲིད་ཇུས་དང་།    ཁྱིམ་ཚང་གི་གནས་ཚུལ་གསལ་བ།    མང་ཚོགས་ཀྱི་ཞུ་རེ་གསལ་བ།    རོགས་སྐྱོར་བྱེད་སྟངས།    མདུན་ལམ་འཆར་འགོད་གསལ་པོ་བཅས་བྱས་ཏེ།    མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཚད་ཆེ་ཤོས་ཐོབ་དགོས།   གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    འཆར་འགོད་སྣེ་ཁྲིད་བྱེད་པ།    གཙོ་གནད་འབུར་ཐོན་བཅས་བྱས་ཏེ་ཁྲིམས་ལྟར་གྱིས་སྒྲིག་སྲོལ་ལྟར་ས་ཆ་བསྡུ་ལེན་ལ་སྐུལ་འདེད་གཏོང་བ་དང་།    བསྡུ་ལེན་དང་།    འཛུགས་སྐྲུན།    གནས་སྤོ་བཅས་ཀྱི་ལྷུ་ཚིགས་ཁག་གི་ལས་ཀར་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ།    འགྲིམ་འགྲུལ་ཀྱི་ལམ་དྲ་སོགས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ལེ་ལག་དུས་མཉམ་དུ་འཐུས་ཚང་དུ་གཏོང་དགོས།       མིག་སྔའི་གནས་ཚུལ་ལ་གཞི་ཚུགས་ནས་ལས་ཀའི་རྒྱང་ལྟའི་རང་བཞིན་དང་ཆེ་རུ་གཏོང་དགོས་པ་དང་།    སྔ་སྣུར་སྔོན་ཚུད་གྱིས་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་དང་།    ཐོན་ཁུངས་བེད་སྤྱོད།    ཚོང་འགུག་མ་དངུལ་འདྲེན་སོགས་ཀྱི་ལས་དོན་འཆར་འགོད་ཡག་པོ་བྱས་ཏེ།    ཁྲིམས་ལྟར་གྱིས་སྒྲིག་སྲོལ་ལྟར་མང་ཚོགས་ས་གནས་དེ་གར་ལས་ཞུགས་དང་རང་བདག་ལས་གཏོད་བྱས་ནས་མང་ཚོགས་ཀྱི་མཉམ་འདྲེས་ཚོར་བ་དང་གཏོགས་སེམས་ཆེ་རུ་གཏོང་དགོས། དུད་ཚང་དུ་བསྐྱོད་ནས་སྐུལ་སློང་བྱེད་པའི་གོ་སྐབས་དང་བསྟུན་ནས་དམངས་འདོད་ལ་ཉན་པ་དང་།    དམངས་ཀྱི་གནས་ཚུལ་ལ་བརྟག་པ།    དམངས་ཀྱི་སེམས་ཁྲལ་སེལ་པ།    དམངས་སེམས་དྲོ་སྐྱིད་བཅས་བྱས་ཏེ་འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པ་དང་མཉམ་དུ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་།    གཞི་རིམ་གྱི་བཅོས་སྐྱོང་ཀྱི་ཆུ་སྙོམས་ཤུགས་རྒྱག་པ་འབད་བརྩོན་བྱེད་པ་མཐོར་འདེགས་གཏོང་བ།    གནས་སྤོ་ལས་དོན་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་ཡོང་བའི་འགན་ལེན་བྱེད་དགོས།     གནས་སྤོ་བྱེད་པའི་འཐབ་ས་དང་པོ་དེ་ལས་བྱེད་པར་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི“ཚོད་རྡོ་”ཏུ་བརྩིས་ནས་འཐབ་ས་དང་པོའི་ལས་བྱེད་པ་སྦྱོང་བརྡར་དང་།    དབྱེ་ཞིབ།   རྟོག་ཞིབ།    གོ་གནས་འཕར་བ་བཅས་རྒྱུན་འཁྱོངས་བྱས་ཏེ་དེ་ལས་མང་གྱི་འཐབ་ཕྱོགས་དང་པོའི་ལས་བྱེད་པས་འགན་འཁུར་རྒྱུར་སྐུལ་མ་གཏོང་དགོས།     གནས་སྤོ་བྱེད་པའི་འཐབ་ཕྱོགས་དང་པོ་དེ་ལས་བྱེད་པར་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི“ཚོད་རྡོ་”ཏུ་བརྩིས་ནས་འཐབ་ཕྱོགས་དང་པོའི་ལས་བྱེད་པ་སྦྱོང་བརྡར་དང་།    དབྱེ་ཞིབ།    རྟོག་ཞིབ།   གོ་གནས་འཕར་བ་བཅས་རྒྱུན་འཁྱོངས་བྱས་ཏེ་དེ་ལས་མང་བའི་འཐབ་ས་དང་པོའི་ལས་བྱེད་པས་འགན་འཁུར་རྒྱུར་སྐུལ་མ་གཏོང་དགོས་ཞེས་ནན་བཤད་གནང་བ།   

        ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་། ཞུང་ཝུན་པིན།    ཞུས་ཀོང་ཏེ།    འཇོལ་རྫོང་གི་འགན་འཁུར་བློ་མཐུན་གཙོ་བོ།    ཁུལ་དང་རྫོང་གི་བཀོད་འདོམས་པུའུ།    ལས་དོན་ཚོགས་ཆུང་གི་མི་སྣ་བཅས་ཚོགས་འདུར་ཞུགས་ཡོད།