རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་3ཚེས་24ཉིན་ཁུལ་ཨུའི་སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་ཐེངས་122པའི(རྒྱ་སྐྱེད)གྲོས་ཚོགས་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་བྱས་པའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་མྱུར་ངང་འཕྱུར་བར་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་ཐོག་གཅིག་གྱུར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྲིས་པའི་མཛེས་སྡུག་ལྡན་པའི་མདུན་ལྗོངས་དེ་བདེ་སྐྱིད་ཀྱི་དོན་དངོས་སུ་བསྒྱུར་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་ལེའུ་གསར་པ་ཧུར་ཐག་གིས་བཞེངས་དགོས་པར་སྐུལ་ཡོད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཀྲང་ཝེ་ཏུང་དང་། ཕེང་ཧྲན། ལི་ཡན་ལན། མེའོ་ཡིའུ་ཧྥ་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཉེ་བའི་ལོ་ཤས་རིང་བདེ་ཆེན་གྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་བརྟན་ལྷིང་འཕེལ་རིམ་ཁྲོད་ཐོབ་པའི་ཡར་རྒྱས་དང་གྲུབ་འབྲས་ནི་རྩ་བའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་བྱས་པའི་ཏང་ཀྲུང་དབྱང་ཀྱི་འགོ་ཁྲིད་བརྟན་པོ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་བའི་གལ་ཆེ་ལ་གཏིང་ཟབ་པའི་ལམ་ཚད་རྡོ་རིང་གི་དོན་སྙིང་ལ་རྟོག་ཞིབ་བྱས་ཏེ་མངགས་བཅོལ་བློ་ལ་བརྟན་པོར་འཛིན་པ་དང་བཀའ་དྲིན་ཞུས་ནས་འབད་བརྩོན་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་སྟེ་དངོས་བསྒྲུབ་བྱས་རྗེས་དངོས་ལ་བརྟེན་ནས་“གཏན་འཁེལ་གཉིས”བརྟན་པོ་ཡོང་བ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱ་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལས་དོན་ཐད་འཛིན་པའི་བླང་བྱ་རེ་བ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ནས་ཐོན་ལས་རིགས་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དམ་འཛིན་བྱེད་པ། རྒྱུན་མཐུད་མཐའ་མཚམས་མི་རིགས་ཀྱི་ས་ཁུལ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་གི་གཙོ་གནད་ལས་འགན་ལ་ཤུགས་སྣོན་རྒྱག་པ་བཅས་མཐའ་གཅིག་ཏུ་དོན་འཁྱོལ་ཡག་པོ་བྱས་ཏེ། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཀའ་ཡོད་པ་དང་། ཏང་ཀྲུང་དབྱང་ལ་བཀོད་སྒྲིག་ཡོད་པ། ཡུན་ནན་གྱི་དོན་འཁྱོལ་མཐོང་བ། བདེ་ཆེན་གྱིས་དོན་འཁྱོལ་དམ་འཛིན་རྒྱུན་འཁྱོངས་བྱས་ནས་སྒྲུབ་དགོས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས་མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་ལ་ཕན་འབྲས་ཡོང་བར་སྐུལ་འདེད་གཏོང་དགོས། ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ལེགས་པ། ལག་ལེན་མཐར་ཕྱིན་ཡག་པོ་བྱ་རྒྱུ་ནི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཁུལ་ཡོངས་ཀྱི་ཆབ་སྲིད་དང་ལས་འགན་གལ་ཆེན་ཞིག་ཡིན་པས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལས་ཁུངས་དང་། སློབ་གྲྭ ཁེ་ལས། གྲོང་གསེབ། སྡེ་ཁུལ། དགོན་པ་བཅས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་མི་ཚང་མས་ཤེས་གསལ་དང་མི་སེམས་སུ་གཏིང་ཟབ་ཏུ་ཟུག་རྒྱུར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གིས་དུས་བབ་ལ་འཛིན་པའི་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ་ཐོག་གཅིག་གྱུར་བྱེད་དགོས། བདེ་ཆེན་གྱི་ལས་དོན་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ཀྱི་ཁྲོད་དུ་བཞག་ནས་བསམ་གཞིག་དང་། ཇུས་འགོད། སྐུལ་འདེད་བཅས་བྱས་ཏེ་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་དང་། སེམས་ཤུགས་གཅིག་སྡུད་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབ་པ། ལོ་འཁོར་གྱི་དམིགས་ཚད་ལས་འགན་དོན་འཁྱོལ་བྱ་རྒྱུ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་དགོས། དོ་གནད་གཙོ་གཟུགས་དང་སྟབས་བདེ་དངོས་གཉེར་རྩ་འཛུགས་ཡག་པོ་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་གཏིང་ཟབ་དང་དོན་འཁྱོལ་བྱེད་པ་དང་། སྔར་ལས་ལྷག་པར་འབྲེལ་ཡོད་སྒྲིག་ཁྲིམས་ཀྱི་བླང་བྱ་དང་རེ་བ་ཁོང་དུ་ཆུད་པ་དང་། ཚན་ཁག་དོ་དམ་ཡག་པོ་དང་རུ་ཁག་ཡག་པོ་ཁྲིད་ནས་ཡོ་བསྲང་དང་ཉེས་གསོག་མཐའ་གཅིག་ཏུ་གཏན་འགོག་མཐའ་གཅིག་ཏུ་བྱ་དགོས།
ཚོགས་འདུའི་ཐོག་མང་ཚོགས་ཀྱི་ཉེ་འཁོར་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ལས་ཀའི་འགན་འཁྲི་དམ་ཟབ་གཏོང་བ། རྫོང་རིམ་པའི་གཡུལ་ས་གཙོ་བོར་དོ་གནད་བྱེད་པ་དང་གྱོད་དོན་བསྒྲུབས་ནས་བཅོས་སྒྲིག་གི་ཕན་འབྲས་ཚོར་ཐུབ་པར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དང་དྲ་རྒྱ་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ཉེན་ཁ་དང་འགྲན་སློང་འགོག་ཟོན་སེལ་ནས་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བརྟན་སྲུང་བྱེད་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ལོ་འཁོར་འདིའི་སྐོར་དཔྱོད་རེས་སྐོར་གསུམ་གྱི་ལས་འགན་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པ་དང་། སྐོར་དཔྱོད་ལས་དོན་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྐོར་དཔྱོད་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྐོར་དཔྱོད་བཅོས་སྒྲིག་དང་གྲུབ་འབྲས་བཀོལ་སྤྱོད་བེད་སྤྱོད་ཏན་ཏིག་དང་ཞིབ་ཕྲ་བསྒྲུབ་དགོས།
ཚོགས་འདུའི་ཐོག《བདེ་ཆེན་ཁུལ་གྱི་2024ལོའི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་འཁྲི་འགན་སྒྲུབ་ཚུལ་ཞུ་བ་དང་དཔྱད་གླེང་དཔྱད་ཞིབ་ལྡོག་སྐྱེལ་གནད་དོན་གྱི་བཅོས་སྒྲིག་ཇུས་གཞི》ལ་གྲོས་ཞིབ་བྱས། 《བདེ་ཆེན་ཁུལ་གྱིས་རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྙན་ཞུའི་བཅོས་སྒྲིག་ཇུས་གཞི་དོན་འཁྱོལ》ལ་གྲོས་ཞིབ་བྱེད་སྐབས་གནད་དོན་འཛིན་ཕྱོགས་མཐའ་འཁྱོངས་དང་དུས་ཡུན་རིང་འབྲིང་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་བཅོས་སྒྲིག་ལས་དོན་དོན་འཁྱོལ་ལ་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་ཡོད་ཅིང་། ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུགབྱས་པ་རེད།
དབྱང་ཙི་ཅང་དང་། ཀྲུའུ་ཧུང་། ལི་དབྱང་། ལེའོ་ཝུན་ཚེ། ཁྲེན་ཆུན། ལུའུ་ཀྲི་ཅུན། དབྱང་ཞུའེ་ཝུན། ཞུང་ཝུན་པིན། ཧུའུ་ཧྥེ་ཞུང་བཅས་ཚོགས་འདུར་ཞུགས་པ་རེད།