ཁུལ་ཡོངས་ཀྱི་དངུལ་རྩའི་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཟླ3པའི་ཚེས17ཉིན།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་དངུལ་རྩའི་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་བྱས་ནས་འཚོགས་པ། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩའི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཨུའི་དངུལ་རྩའི་ལས་དོན་སྐོར་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་དེ་དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། སྲིད་དང་དངུལ་ཁང་། ཁེ་ལས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་དམའ་ཐིག་བརྟན་སྲུང་བྱེད་ནས།  ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་འབྲི་རྒྱུར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས་ཞེས་ནན་གྱིས་བསྟན།

    ཚོགས་འདུའི་ཐོག་ཁུལ་ནོར་སྲིད་ཅུས་དང་།    ཀྲུང་གོ་མི་དམངས་དངུལ་ཁང་བདེ་ཆེན་ཁུལ་ཡན་ལག་དངུལ་ཁང་།   བདེ་ཆེན་དངུལ་རྩའི་ལྟ་སྐུལ་དོ་དམ་ཡན་ལག་ཅུས་བཅས་ཀྱི་འབྲེལ་ཡོད་ལས་དོན་གནས་ཚུལ་སྙན་ཞུ་ཉན་པ།    བཟོ་ལས་དངུལ་ཁང་བདེ་ཆེན་ཡན་ལག་དངུལ་ཁང་དང་།    འཛུགས་སྐྲུན་དངུལ་ཁང་བདེ་ཆེན་ཁུལ་ཡན་ལག་དངུལ་ཁང་།    ཧྥུ་ཏེན་དངུལ་ཁང་སེམས་ཀྱི་ཉི་ཟླ་ཡན་ལག་དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞིའི་འགན་འཁུར་བས་རིམ་བཞིན་སྤེལ་རེས་གཏམ་བཤད་གནང་བ་དང་འབྲེལ་དངུལ་རྩའི་ཐོག་བདེ་ཆེན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།    

    ལུའོ་ཁྲའོ་ཧྥེང་གིས་འདས་ཟིན་པའི་ལོ་གཅིག་ནང་ཁུལ་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད།    ཁོང་གིས་2024ལོ་ནི་ཁུལ་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིས་རང་འགུལ་ངང་འགན་འཁུར་དང་ཧུར་བརྩོན་གྱིས་བྱ་སྤྱོད་སྤེལ་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་དང་།    ཐོན་ལས་འཕེལ་རྒྱས་ནུས་ལྡན་དང་ཕན་ནུས་ལྡན་པ།    དངུལ་རྩའི་ཞབས་ཞུའི་གསར་གཏོད་དང་སྤུས་ཚད་ལེགས་སུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱས་ཏེ།    མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་དམའ་ཐིག་སྲུང་འཛིན་བྱས་ནས་ཁུལ་ཡོངས་ཀྱི་དངུལ་རྩའི་འཁོར་སྐྱོད་བརྟན་བརླིང་དང་སྐྱོན་བྲལ་བྱུང་བ་རེད་ཅེས་བསྟན་པ།

    ལུའོ་ཁྲའོ་ཧྥེང་གིས་2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་བའི་ལོ་དང་།    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཇུས་འགོད་བྱེད་པའི་ལོ།    ཞིང་ཆེན་ཡོངས་ཀྱི“3815”འཐབ་ཇུས་འཕེལ་རྒྱས་དམིགས་ཚད་“ལོ་གསུམ་ནང་སྐས་རིམ་དུ་སླེབས་པ”མངོན་འགྱུར་བྱེད་པའི་ལོ་དང་ལོ་གསུམ་གྱི་བྱ་སྤྱོད་རབ་དང་རིམ་པ་བློ་ཐག་གཙང་བཅད་ཀྱིས་འཐབ་འཛིང་དང་བློ་ཐག་རྦད་གཅད་ཀྱིས་རྒྱལ་ཁ་ཐོབ་པའི་ལོ་ཡིན།    རིམ་པ་ཁག་དང་སྡེ་ཁག་ཁག དངུལ་རྩའི་ལས་རིགས་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་དང་།    དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བེད་སྤྱོད་ཡག་པོ་བྱས་ཏེ་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོ་ཡོང་བ་དང་།    དུས་ཚིགས་དང་པོའི་“སྒོ་འབྱེད་བརྟན་པོ་ཡོང་བ་”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་འཛུགས་དགོས་ཞེས་ནན་གྱིས་བསྟན།   

    ལུའོ་ཁྲའོ་ཧྥེང་གིས་ཏང་ཨུ་དང་སྲིད་གཞུང་གིས་དངུལ་རྩའི་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས། ནན་ཏན་སྒོས་ཁེ་ལས་ཀྱིས་བཏོན་པའི་ལུགས་མཐུན་གྱི་རེ་འདུན་དང་བསམ་འཆར་དང་གྲོས་འགོ་ཉན་ནས་དུས་ཐོག་ཏུ་ཚུར་ལན་སྤྲོད་དགོས་པ་དང་།    དངུལ་རྩའི་སྒྲིག་གཞི་དང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་འདྲ་མཉམ་སྲུང་སྐྱོང་བྱ་དགོས།    ཐབས་བརྒྱ་ཇུས་སྟོང་སྒོས་ཚོང་འགུག་མ་འདྲེན་དང་མ་འཇོག་རྒྱ་ཆེར་གཏོང་བ།    ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་དང་ནུས་ལྡན་གྱི་དགོས་མཁོ་སྔོག་འདོན་གང་ལེགས་བྱས་ཏེ་དངུལ་ཁང་དང་ཁེ་ལས་མཉམ་ལས་ལ་སྟེགས་བུ་བསྐྲུན་ནས་བདེ་ཆེན་དུ་དངུལ་རྩའི་སྒྲིག་གཞི་བློ་བདེ་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོབ་བྱེད་དགོས། དངུལ་རྩའི་སྒྲིག་གཞིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་བདེ་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་པ་དང་།    ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་དང་།    ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས།    གནོད་མེད་ནུས་ཁུངས།    ལྗང་མདོག་གཏེར་ལས་དང་དེ་བཞིན་རྨང་གཞིའི་སྒྲིག་བཀོད་གལ་ཆེན་སོགས་རྣམ་གྲངས་འཛུགས་སྐྲུན་ལ་དམིགས་ཏེ་གནད་ལ་འཁེལ་བའི་སྒོ་ནས་ཁྲོམ་རའི་གཙོ་གཟུགས་དང་སྦྲེལ་མཐུད་བྱས་ནས་དངོས་གཞིའི་དཔལ་འབྱོར་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས།  མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་ནུས་ལྡན་གྱིས་སྔོན་འགོག་དང་སེལ་དགོས་པ་དང་། དངུལ་རྩའི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་དགོས།    སྲིད་གཞུང་དང་དངུལ་ཁང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་སེལ་དགོས།       དངུལ་རྩའི་སྒྲིག་གཞིའི་སྒྲིག་སྲོལ་དང་མཐུན་པའི་འདུ་ཤེས་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་ནུས་པ་ཆེ་རུ་གཏོང་བ་དང་།    དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོ་སྣ་ཚོགས་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་དངུལ་རྩའི་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་།    དབྱང་ཞུའེ་ཝུན།    ཀྲོང་ཞའོ་ཕིང་བཅས་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་དངུལ་རྩའི་སྒྲིག་གཞིའི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།