རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
བོད་ཤིང་མོ་སྦྲུལ་ལོའི་ལོ་སར་འཆར་ལ་ཉེ་བའི་སྐབས་འདིར། བོད་འབྲེལ་ས་ཁུལ་ཁག་ཏུ་དགའ་དགའ་སྤྲོ་སྤྲོའི་ངང་ལོ་སར་ལ་གྲ་སྒྲིག་བྱེད་བཞིན་འདུག དེ་ཡང་ལུང་བ་རེ་ལ་ཆུ་རེ་དང་ས་ཆ་རེ་ལ་དཔེ་རེ་ཟེར་བ་ལྟར། ཡུལ་ལུང་སོ་སོའི་ལོ་སར་གྱི་གྲ་སྒྲིག་བྱེད་སྟངས་ཡང་མི་འདྲ་བ་ཡོད་པ་རེད། ངེད་བདེ་ཆེན་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་བོད་སྐད་མདོ་འཛིན་པ་རྣམས་ཀྱིས་རང་ས་གནས་ཀྱི་ཁྱད་ཆོས་དང་བསྟུན་ནས་བདེ་ཆེན་གྱི་ཡུལ་ལུང་སོ་སོའི་ལོ་སར་གྱི་གྲ་སྒྲིག་བྱེད་སྟངས་ག་འདྲ་ཡིན་པ་ངོ་སྤྲོད་བྱས་ཡོད་དེ། དེ་རིང་ནས་བཟུང་ངེད་འཕྲིན་སྟེགས་བརྒྱུད་ནས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་ཡིན། སྐུ་ཉིད་ཀྱིས་གཤམ་གྱི་བརྙན་ལམ་བརྒྱུད་ནས་བདེ་ཆེན་གྱི་ལོ་སར་གྱི་དམངས་སྲོལ་རིག་གནས་ལ་རྒྱུས་ལོན་བྱེད་ཆོག མཐར་ངེད་བདེ་ཆེན་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་རྒྱ་ཆེ་བའི་ཀློག་པ་པོ་ལ་བོད་ཤིང་མོ་སྦྲུལ་ལོའི་ལོ་སར་ལ་བཀྲ་ཤིས་སྨོན་འདུན་ཞུ།