ཤོག་སྦག་དང་འབྲེལ་བའི་བདེ་འཇགས་དྲན་སྐུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-04   རྩོམ་ཁུངས།    极地科普


        ཤོག་སྦག་བཙོང་བ། 

        ཤོག་སྦག་བཙོང་ཆོག་པའི་ཚོང་གཉེར་ཆོག་མཆན་ལེན་དགོས་པ་དང་། སིལ་ཚོང་ཁང་དེ་བདེ་འཇགས་ཚད་གཞི་དང་མཐུན་དགོས་པར་མ་ཟད། སྡེ་ཁུལ་དང་སློབ་གྲྭ་སོགས་དང་བར་ཐག་ངེས་ཅན་ཡོད་དགོས། 

        ཤོག་སྦག་འཚོང་མཁན་ཆེད་ལས་ཀྱི་གསོ་སྦྱོང་ལ་ཞུགས་དགོས་པ་དང་། ཐོན་རྫས་ཀྱི་ཁྱད་གཤིས་དང་བདེ་འཇགས་ཀྱི་བེད་སྤྱོད་བྱེད་ཐབས་སོགས་ལ་རྒྱུས་ལོན་ཡག་པོ་བྱ་དགོས། ཚད་གཞི་ལས་བརྒལ་བའམ་བཀག་སྡོམ་བྱས་པའི་ཤོག་སྦག་རིགས་བཙོངས་མི་ཆོག 

        ཤོག་སྦག་སྐྱེལ་བ། 

        ཆེད་སྤྱོད་རླངས་འཁོར་གྱིས་བསྐྱལ་དགོས་པ་དང་། འབར་གས་སླ་བའི་དངོས་པོའི་མཉམ་དུ་སྐྱེལ་མི་རུང་། སྐྱེལ་འདྲེན་རླངས་འཁོར་དེ་བདེ་འཇགས་ཀྱི་ཚད་གཞི་དང་མཐུན་དགོས་ཤིང་། བདེ་འཇགས་སྒྲིག་ཆས་ཀྱང་ཚང་དགོས། ཁ་ལོ་པ་ཆེད་ལས་ཀྱི་གསོ་སྦྱོང་ལ་ཞུགས་དགོས་པར་མ་ཟད། སྐྱེལ་འདྲེན་ལམ་ཐིག་གི་བདེ་འཇགས་ལ་ཁག་ཐེག་དང་བཀག་སྡོམ་ས་ཁུལ་ལ་གཡོལ་ནས་འགྲོ་དགོས། 

        ཤོག་སྦག་ཉར་བ།

         གྲོང་མིས་ཤོག་སྦག་འོས་འཚམ་ཉར་བ་ལས། ཁྱིམ་དུ་ཤོག་སྦག་མང་པོ་སྤུངས་ནས་འཇོག་མི་རུང་བ་དང་། ཤོག་སྦག་མེ་ཁུངས་དང་ཐག་རིང་སར་བཞག་སྟེ། མེ་སྐྱོན་འབྱུང་བར་དོགས་ཟོན་བྱ་དགོས། 

        ཤོག་སྦག་ཉོ་བ། 

        ཤོག་སྦག་བཙོང་ཆོག་པའི་ཁྲིམས་མཐུན་གྱི་ཚོང་ཁང་ནས་ཉོ་དགོས་པ་ལས། སྐད་འཕྲིན་དང་དྲ་ཚོང་སྟེགས་བུ་སོགས་ནས་ཉོ་མི་རུང་ལ། སྦྲག་སྲིད་བརྒྱུད་ནས་སྐུར་ཡང་མི་རུང་། 

        ཤོག་སྦག་རྒྱག་པ། 

        གཏན་ཁེལ་གྱི་ས་ཁོངས་ནས་ཐབས་ལམ་ཡང་དག་སྤྱད་དེ་ཤོག་སྦག་བརྒྱག་དགོས་ཤིང་། མི་ཚོགས་མང་ས་དང་འབར་སླ་བའི་དངོས་པོ་སོགས་ཀྱི་ཉེ་ས་ནས་རྒྱག་མི་རུང་། བྱིས་པ་ཚོས་ཤོག་སྦག་རྒྱག་སྐབས་ཁྱིམ་བདག་གི་ལྟ་སྐྱོང་འོག་བརྒྱབ་སྟེ། གློ་བུར་བའི་དོན་རྐྱེན་འབྱུང་བར་དོགས་ཟོན་བྱ་དགོས།