ཀྲུང་དབྱང་གི་གེགས་སྐྱོབ་དངོས་ཟོག་ཁག་དང་པོ་དིང་རིར་འབྱོར་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-08   རྩོམ་ཁུངས།    阳光西藏

    སྤྱི་ཟླ་༡ཚེས་༧ཉིན་གྱི་དགོང་མོའི་ཆུ་ཚོད་༡༠ཡས་མས་སུ། རྒྱལ་ཁབ་གནོད་འགོག་གེགས་སེལ་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་དང་། འཕྲལ་རྐྱེན་མྱུར་སེལ་པུའུ། རྒྱལ་ཁབ་འབྲུ་རིགས་དང་གྲབས་གསོག་ཅུད་བཅས་ཀྱིས་བོད་ལ་ཛ་དྲག་ཐོག་གཤམ་སྤྲོད་བྱས་པའི་སྲིང་བལ་གུར་དང་མལ་གོས་སོགས་ཀྲུང་དབྱང་གི་གེགས་སྐྱོབ་དངོས་ཟོག་ཁག་དང་པོ་༥༨༠༠ལྷག་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་འབྱོར་ཡོད་པ་དང་། དེ་མིན་ད་དུང་ཀྲུང་དབྱང་གི་གེགས་སྐྱོབ་དངོས་ཟོག་ཆིག་ཁྲི་དྲུག་སྟོང་ལྷག་ཙམ་སྤྱི་ཚེས་༨ཉིན་རིམ་བཞིན་འབྱོར་རྒྱུ་རེད། དུས་མཚུངས་སུ་འཕྲལ་རྐྱེན་མྱུར་སེལ་པུས་འཕྲལ་དུ་སྲིད་གཞུང་དང་སྤྱི་ཚོགས་ཀྱིས་འཕྲལ་སྡོམ་དངོས་ཟོག་མཉམ་དུ་འགན་སྲུང་བྱེད་པའི་ལམ་སྲོལ་སྤེལ་ཞིང་། གཅེས་སེམས་ཁེ་ལས་དང་འབྲེལ་ཡོད་ཐེབས་རྩ་ལྷན་ཚོགས་ཀྱིས་རོགས་སྐྱོར་བྱས་པའི་སྟབས་བདེའི་བཟའ་བཅའ་དང་། དྲོད་ལེན་འཕྲུལ་ཆས། གློག་དྲོད་གདན། ཞྭ་མོ། སྐེ་དཀྲིས། ལག་ཤུབས། དྲོད་སྲུང་གྱོན་གོས་སོགས་འཚོ་བའི་རིགས་ཀྱི་གེགས་སྐྱོབ་དངོས་ཟོག་ཀྱང་གཅིག་མཇུག་གཉིས་མཐུད་ངང་གནོད་འཚེ་ཕོག་ཁུལ་དུ་བསྐྱལ་རྒྱུར་མཐུན་སྦྱོར་བྱས་ནས། ས་གནས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྐབས་བཀོད་སྒྲིག་དང་འཚོ་བའི་འགན་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད།