རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-07   རྩོམ་ཁུངས།    ཁམས་པའི་དྲ་བ།
ཀྲུང་གོའི་ས་འགུལ་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ༢༠༢༥ལོའི་ཟླ་དང་པོའི་ཚེས་བདུན་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ་ལྔ་ཡི་ཐོག་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་༼འཕྲེད་ཐིག་བྱང་མ་ཏུའུ་༢༨.༥༤དང་གཞུང་ཐིག་ཤར་མ་ཏུའུ་༨༧.༤༣༽དུ་ཚད་རིམ་༦.༨ཀྱི་ས་འགུལ་བྱུང་། འགུལ་ཁུངས་ཟབ་ཚད་སྟོང་སྨི་བཅུ་རེད།