རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-03   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
2024ལོའི་ཟླ་12ཚེས་31ཉིན། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་པེ་ཅིང་དུ《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས》དེབ་གསུམ་པའི་སྟོད་ཆའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། བཞུགས་མོལ་ཚོགས་འདུའི་ཐོག་དེབ་འདིའི་ནང་དོན་གཙོ་བོ་དང་རྩོམ་འབྲིའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ། 《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས》དེབ་གསུམ་པ་རྩོམ་འབྲི་བྱེད་པའི་དོན་སྙིང་གལ་ཆེན་དང་། སྟོད་ཆའི་ཁྱད་ཆོས་གཙོ་བོ། དེ་བཞིན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ཁྲོད་ཀྱི་ནུས་པ་བཅས་རྒྱས་བཤད་ཞིབ་ཕྲ་བྱས་ཡོད་པ་རེད།
ཚོགས་ཞུགས་བློ་མཐུན་ཚོས། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་ལམ་བུ་རླབས་པོ་ཆེ་གྲུབ་འབྲས་ཐོབ་པའི་ངང་གཏོད་པའི་ཏང་གི་ལོ་རྒྱུས་ཀྱི་མ་དེབ་ཅིག་ཡིན་པའི་ངོས་ནས། 《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས》དེབ་གསུམ་པའི་སྟོད་ཆས་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་དཔྱད་གཞི་དང་།
གསོན་ཉམས་དོད་པའི་ལག་ལེན། གཏིང་ཟབ་པའི་གནས་ལུགས། བབ་ཆགས་པའི་རྩོམ་སྲོལ་བཅས་ལ་བརྟེན་ནས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བར་གྱི་དུས་མཚམས་འདིའི་ཏང་གི་ལོ་རྒྱུས་ཞིབ་ཏུ་བརྗོད་ཡོད། དེབ་ཧྲིལ་པོར་དངོས་གཙོའི་ལོ་རྒྱུས་ལྟ་བ་དང་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཡོད་པས། འདི་ནི་ཕྱོགས་སྟོན་ཡང་དག་པ་དང་། ལོ་རྒྱུས་ཀྱི་དོན་དངོས་ཡང་དག་པ། ཡིད་ཆེས་རུང་བ་དང་ལྟ་རིན་ཡོད་པ་བཅས་ཀྱི་ཏང་གི་ལོ་རྒྱུས་ཀྱི་བརྩམས་ཆོས་རྩེ་གྲ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།