པོ་ཏ་མཚོའི་ཞོ་རྡོ་མཚོ་གྲུ་ལམ་རྒྱལ་ནང་ཆུ་ལམ་དེ་ལ་བདམས་ཐོན་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་སྔོན། འགྲུམ་འགྲུལ་སྐྱེལ་འདྲེལ་པུའུ་ཆུ་སྐྱེལ་ཅུས་ཀྱིས་རྒྱལ་ནང་ཆུ་ལམ་ཡུལ་སྐོར་འགྲུལ་སྐྱེལ་སྤུས་ལེགས་གྲུ་ལམ་གྱི་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བྱས་ནས་སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་ལྗོངས་ཁུལ་གྱི་ཞོ་རྡོ་མཚོ་གྲུ་ལམ་ལེགས་གྲུབ་ངང་བདམས་ཐོན་བྱུང་བ།

    པོ་ཏ་མཚོའི་ཞོ་རྡོ་མཚོ་འགྲུལ་སྐྱེལ་སྐྱེལ་འདྲེལ་གྲུ་ལམ་ནི་པོ་ཏ་མཚོ་ལྗོངས་ཁུལ་དུ་གནས་པ། གྲུ་ལམ་སྤྱི་ལི་5རིང་ཞིང་སྤྲོ་གསེང་གཏོང་བྱེད་གྲུ་གཟིངས་8ཡོད། སྡོད་ས་447ཡོད། ལྟ་སྐོར་དུས་ཚོད་སྐོར་མ་20ཡིན། ཡུལ་སྐོར་བ་སྤྲོ་གསེང་གཏོང་བྱེད་གྲུ་གཟིགས་སུ་སྡོད་ནས་ཞོ་རྡོ་མཚོ་ལམ་རྒྱུད་ཀྱི་ས་གཤིས་ས་ངོས་ཀྱི་ལྗོངས་ཁུལ། མཚོ་བོ། བརླན་ས། ནགས་ཚལ། སྤང་ལྗོངས། རོང་ས་བཅས་ལ་རོལ་མྱོང་བྱེད་ཆོག
    གྲུ་ལམ་གསར་གཏོད་བྱེད་རིང་། པོ་ཏ་མཚོ་ལྗོངས་ཁུལ་གྱིས་ཞབས་འདེགས་སྒྲིག་ཆས་མུ་མཐུད་དུ་འཐུས་ཚང་གཏོང་བ། ཡུལ་སྐོར་ཞབས་འདེགས་གསར་གཏོད་བྱེད། ཁྱད་ལྡན་ཞབས་འདེགས་ཐོན་རྫས་སྣ་མང་ཇུས་འགོད་བྱེད་ནས་རིགས་མི་འདྲ་བའི་ཡུལ་སྐོར་བའི་ཡུལ་སྐོར་རོལ་མྱོང་ཐད་ཀྱི་སྣ་མང་ཅན་གྱི་དགོས་མཁོ་སྐོང་བ།