ཕུགས་བསམ་ལས་བཞད་པའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག—བློ་བཟང་སྙན་གྲགས་ཀྱི་ཚེམ་བཟོ་གཏམ་རྒྱུད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཆུང་དུས་ནས་སྒྲོལ་མ་ལ་བོད་གོས་མཛེས་པོ་ཞིག་གྱོན་རྒྱུའི་རེ་བ་ཆེན་པོ་ཞིག་ཡོད་པས། 2011ལོར་མོའི་ཁྱོ་ག་བློ་བཟང་སྙན་གྲགས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་མཁར་དུ་ཚེམ་བཟོ་ཁང་ཞིག་བཙུགས་ནས་མཛེས་སྡུག་ལྡན་པའི་བོད་གོས་སྣ་ཚོགས་ཚེམ་བཟོ་བྱས་ནས་སྒྲོལ་མའི་ཕུགས་བསམ་མངོན་འགྱུར་བྱེད་འགོ་ཚུགས།

    བཟའ་ཚོ་གཉིས་ཀྱིས་ཚེམ་བཟོ་ཁང་བཙུགས་ནས་བོད་གོས་སྣ་ཚོགས་ཚེམ་བཟོ་བྱེད་འཆར་འགོད་ནས། ཆུང་དུས་ནས་བོད་གོས་ཚེམ་བཟོའི་ལག་རྩལ་ཤེས་པའི་ཨ་ནེ་དང་མཉམ་དུ་བོད་རིགས་ཀྱི་སྲོལ་རྒྱུན་ཚེམ་བཟོའི་ལག་རྩལ་སློབ་སྦྱོང་བྱེད་འགོ་ཚུགས་པ་རེད།ཚེམ་འགོ་ཚུགས་མ་ཐག་རྟག་ཏུ་དྲས་པ་ཆ་མི་འགྲིག་པ་དང་མཐའ་རྒྱན་བཟོས་པ་མི་འགྲིག་པའི་ནོར་འཁྲུལ་ཤོར་བ། རང་ཉིད་ཀྱིས་ཚེམ་བཟོའི་ལག་རྩལ་དེ་བས་མགྱོགས་སུ་རྒྱུན་ལོན་བྱུང་ཆེད་བློ་བཟང་སྙན་གྲགས་ཀྱིས་རྟག་ཏུ་དཔེ་མཚོན་ཐོན་རྫས་ལ་ལྟར་ནས་ཤོག་ལེབ་དང་རས་སྣ་ཚོགས་དྲས་པ་བརྒྱུད་སྦྱོང་བརྡར་བྱས་ཏེ། ད་ལྟ་ཁོས་ཚེམ་བཟོ་ཆ་ཚང་གི་ལག་རྩལ་ཁོང་དུ་ཆུད་ཡོད་པ་དང་། ཆུང་མ་སྒྲོལ་མ་ལ་རས་རྒྱུ་སྣ་ཚོགས་དང་རྣམ་པ་སྣ་ཚོགས་ཀྱི་བོད་གོས་ཚེམ་བཟོ་བྱས་ཡོད།

རྣམ་པ་སྣ་ཚོགས་ཀྱི་བོད་གོས་ལྟ་བཞིན་དུ་གོས་མཛེས་པོ་གྱོན་པའི་ཕུགས་བསམ་མངོན་འགྱུར་ཡོང་ཆེད་བློ་ཡིད་ཚིམ་པ་མ་ཟད་དེ་བས་མང་བ་ཞིག་ནི་དུས་རབས་འཕེལ་རྒྱས་ལས་བྱུང་བའི་ཕུགས་བསམ་མངོན་འགྱུར་ཡོང་བའི་གོ་སྐབས་ལ་བཀའ་དྲིན་ཞུ་རྒྱུ་ཡིན་སྒྲོལ་མས་འདི་འདྲ་བཤད།

    ལོ་13ཉིན་གཅིག་ལྟར་རྒྱུན་འཁྱོངས་བྱས་ནས་མིང་དུ་གྲགས་པའི་ཚེམ་བཟོ་བ་ཞིག་ཏུ་གྱུར་ཡོད།

    ཚོང་ཁང་བཙུགས་ནས་ད་བར་བློ་བཟང་སྙན་གྲགས་ཀྱིས་་ལྭ་བ་ཆ་ཚང་ཁྲི་གཅིག་ལ་ཉེ་བ་ཚེམ་བཟོ་བྱས་ཡོད། ལོ་ཚད་མི་འདྲ་བའི་ཐོག་ནས་བལྟས་ན་རྒན་རྒོན་དང་། དར་མ། གཞོན་ནུ། བྱིས་པ་བཅས་ཡོད། མི་རིགས་མི་འདྲ་བའི་ཐོག་ནས་བལྟས་ན་བོད་གོས་དང་འཇང་གོས། ལི་སུའུ་ཡི་གྱོན་གོས་བཅས་ཡོད། རས་ཀྱི་རྒྱུ་ཆའི་ཐོག་ནས་བལྟས་ན་སྲོལ་རྒྱུན་གྱི་ལག་ཤེས་འཁེལ་འཐག་དང་། དར་གོས། རས་ཆ་སོགས་ཡོད་པ། ཚེམ་བཟོའི་ལག་རྩལ་ཐོག་ནས་བལྟས་ན་སྲོལ་རྒྱུན་གྱི་འཚེམ་བཟོའི་ལག་རྩལ་དང་དུས་རབས་འཕེལ་རྒྱས་དང་བསྟུན་པའི་གསར་གཏོད་ལག་རྩལ་ཀྱང་ཡོད་པས་སྐུ་མགྲོན་རྣམ་གྱི་ཁས་ལེན་ཟབ་མོ་ཐོབ་ཡོད། བློ་བཟང་སྙན་གྲགས་ཀྱིས་ལས་སྣོན་དང་ཚེམ་བཟོ་རྒྱག་པའི་གྱོན་གོས་ཀྱི་ཐིག་རིས་ཀྱི་བཞུར་ཚད། མཐུད་སྦྱོར་གྱི་ཁོད་སྙོམས་ཚད་དེ་ང་ཧ་ཅང་ཡིད་ཚིམ་ཡོད་ཅེས་ཨ་མེས་དོན་གྲུབ་ཀྱིས་འདི་འདྲ་བཤད་པ།

    སྐུ་མགྲོན་ལ་ཡིད་སྨོན་གྱི་ལྭ་བ་གྱོན་དུ་འཇུག་རྒྱུ་ནི་བཟའ་ཟླ་གཉིས་ཀྱི་ཆེས་ཆེ་བའི་ཕུགས་བསམ་ཡིན། འོན་ཀྱང་། ཕུགས་བསམ་དེ་རྒྱུན་འཁྱོངས་བྱེད་རྒྱུ་ནི་ལས་སླ་མོ་ཞིག་མིན། དུས་རབས་འཕེལ་རྒྱས་དང་བསྟུན་ནས་སྲོལ་རྒྱུན་གྱི་ཚེམ་བཟོ་ལག་རྩལ་གྱིས་མི་རྣམས་ཀྱི་གྱོན་གོས་ཀྱི་རེ་བ་སྐོང་མི་ཐུབ་པ། རྙོག་འཛིང་ཆེ་བའི་རྣམ་པ་གསར་བ་དང་དཀའ་ཁག་ཆེ་བའི་བཟོ་རྩལ་གྱི་བླང་བྱ་བྱུང་བར་ཁོ་མོས་རང་འགུལ་ངང་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་དང་རྒན་གྲས་ལ་ལག་རྩལ་འདྲི་བ། ལས་རིགས་གཅིག་པ་ཚོ་དང་སྤེལ་རེས་བྱས་པ་མ་ཟད་ཚེམ་བཟོ་རྒྱག་པར་མཉམ་འདྲེས་ཐུབ་པ་བྱས་པ་རེད།

    ད་དུང་སློབ་སྦྱོང་བྱེད་སྐབས་ཨ་ནེས་མིག་མདུན་གྱི་ཚོན་མདངས་རྣམ་པར་བཀྲ་བའི་རས་རྒྱུ་སྣ་ཚོགས་ལ་ལྟ་བཞིན་དེ་སྔོན་དུ་བོད་གོས་ཀྱི་རས་རྒྱུ་དེ་གཞི་རྩའི་ཆ་ནས་ལག་ཤེས་འཁེལ་འཐག་གི་སྣམ་བུ་གཙོ་བོར་བྱེད་པ་དང་ཚོས་གཞི་ནག་པོ་དང་དཀར་པོ། སྔོན་པོ་བཅས་ལས་འདེམས་རྒྱུ་མེད་པ་དང་། གོང་བ་དང་ཕུ་རུང་། ཁ་ཞེང་བཅས་སུ་རས་སམ་དར་གོས་ཀྱིས་བརྒྱན་ཡོད་ཅེས་བཤད་མྱོང་། ད་ལྟར་ངའི་ཚེམ་བཟོ་ཁང་དུ་སྣམ་རྒྱུ་དང་སྲིང་བལ་རྒྱུ་ཆ། དར་སྐུད་རྒྱུ་ཆ་སོགས་རས་རྒྱུ་སྣ་ཚོགས་ཡོད་པས་སྐུ་མགྲོན་གྱི་དགོས་མཁོ་གྱོན་གོས་ཚེམ་བཟོ་རྒྱག་ཆོག དུས་རབས་གོང་དུ་འཕེལ་བས་གྱོན་ཆས་ཀྱི་རླབས་རྒྱུན་ལ་འགྱུར་ལྡོག་བྱུང་བར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་ཅིང་། ད་ལྟ་གྱོན་གོས་གཏན་འཁེལ་བྱེད་པར་ཡོང་བའི་སྐུ་མགྲོན་རྣམས་ལ་གྱོན་གོས་ཀྱི་བཟོ་དབྱིབས་དང་ཚོན་མདོག་སྡེབ་སྒྲིག་སོགས་ཀྱི་ཐད་བླང་བྱ་སྔར་ལས་མཐོ་བ། དེ་ལྟར་བྱས་ན་ནམ་རྒྱུན་སྲོལ་རྒྱུན་གྱི་ལག་རྩལ་གྱིས་ཚེམ་བཟོ་རྒྱག་པ་ཕུད།ང་རང་ད་དུང་རྒྱུ་ཆ་བེད་སྤྱོད་དང་། དྲས་སྟངས། བཟོ་དབྱིབས་ཀྱི་རྣམ་པ། ཚོན་མདོག་སྡེབ་སྒྲིག་སོགས་ལེགས་བཅོས་བྱས་ནས་མི་རྣམས་ཀྱི་གྱོན་གོས་ཀྱི་རེ་བ་སྐོང་དུ་འཇུག་ཡོད་ཅེས་བློ་བཟང་སྙན་གྲགས་ཀྱིས་བཤད།

    ཁོང་གི་གྲོགས་པོས་ཁོང་ལ་ད་ཆ་མི་རྣམས་སྟབས་བདེའི་གྱོན་གོས་གྱོན་རྒྱུར་དེ་བས་དགའ་པོ་ཡོད་པ་དང་ལྷག་པར་དུ་གཞོན་ནུ་ཚོས་བོད་གོས་དེ་ལོ་གསར།དུས་ཆེན།གཉེན་སྟོན་སོགས་ཀྱི་སྐབས་སུ་ལས་གྱོན་མེད།   དུས་རྒྱུན་བོད་གོས་གྱོན་སྲོལ་ཡོད་མི་རྣམས་ཀྱིས་ཚོང་ཁང་ནང་ཐད་ཀར་གྲུབ་རྫས་ཉོ་རྒྱུར་དགའ་བས། ཁྱེད་ཀྱིས་ད་དུང་རྙོག་འཛིང་ཆེ་བའི་ལག་རྩལ་དེ་འདྲ་རྒྱུན་འཁྱོངས་བྱས་ནས་ཡོང་འབབ་དེ་བས་མང་བ་མེད་པས་བྱ་གཞག་གཞན་དག་འགའ་ཞིག་བསྒྲུབ་རྒྱུར་བསམ་བློ་མི་གཏོང་དོན་ཅི་ཡིན་ཞེས་འདྲི་མྱོང་། འོན་ཀྱང་ང་རང་ཚེམ་བུ་རྒྱག་དགའ་ཞིང་ལྭ་བ་ཚེམ་བཟོ་རྒྱག་པ་ལས་གཞན་ཁྲ་ཡོལ་དང་སྒོ་ཡོལ། རྩམ་ཁུག་སོགས་ཡག་པོ་དང་མཛེས་པོར་ཚེམ་བཟོ་བྱེད་རྒྱུའི་འཆར་གཞི་ཡོད་པས། དཀའ་ཁག་ཅི་འདྲ་ཆེ་རུང་ཚེམ་བཟོ་ལ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཞེས་བློ་བཟང་སྙན་གྲགས་ཀྱིས་བཤད།

ཚེམ་བཟོ་ལག་རྩལ་མཐོ་རུ་བཏང་ནས་མི་རིགས་ཁག་གི་གྱོན་གོས་ཚེམ་བཟོ་རྒྱག་པ།

    བདེ་ཆེན་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན་ཞིང་།བོད་རིགས་དང་། ལི་སུའུ་རིགས། འཇང་རིགས། པའེ་རིགས། དབྱི་རིགས་སོགས་མི་རིགས་9བསྡད་ཡོད་པ་དང་།ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕན་ཚུན་འགྲོ་འོང་དམ་ཟབ་ཡོད་པས།མི་རིགས་མི་འདྲ་བའི་གྱོན་ཆས་ལའང་ཚད་མི་འདྲ་བའི་ཤུགས་རྐྱེན་ཐེབས་ཡོད།སེམས་ཀྱི་ཉི་ཟླ་ནས་བོད་ལྭ་གྱོན་ནས་གཉེན་སྟོན་དང་ཞབས་བྲོ་འཁྲབ་པ་སོགས་བྱེད་སྒོར་ཞུགས་པའི་མི་རིགས་གཞན་པ་ག་ས་གང་དུ་མཐོང་ཐུབ་པས། མི་རིགས་མི་འདྲ་བས་མི་རིགས་གཅིག་པའི་གྱོན་ཆས་མཉམ་དུ་གྱོན་པ་དེ་སེམས་ཀྱི་ཉི་ཟླའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

    ས་རུབ་ཁར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་སྤྲོ་སྣང་ལྡན་པའི་རོལ་དབྱངས་གྲགས་པ་དང་གྲོགས་པོ་ཚོ་དང་མཉམ་དུ་བོད་གོས་གྱོན་ནས་སྐོར་བྲོ་འཁྲབ་པའི་ཧོ་ལི་ལི་ཡིས་ང་ནི་འཇང་རིགས་ཡིན་པ་དང་གཉེན་སྟོན་དུ་འགྲོ་བའམ་ཞབས་བྲོ་འཁྲབ་སྐབས་ང་རང་མི་རིགས་ཀྱི་གྱོན་གོས་གྱོན་དགའ་བ། ཁྱིམ་དུ་འཇང་རིགས་ཀྱི་གྱོན་གོས་ཕུད་ད་དུང་བོད་གོས་ཁ་ཤས་ཡོད་པ། ངས་བལྟས་ན་བདེ་ཆེན་གྱི་བོད་རིགས་ས་ཆ་ཁག་གི་བོད་གོས་ཚང་མ་ཧ་ཅང་མཛེས་པོ་འདུག་དེ་རིང་ངས་གྱོན་པའི་བོད་གོས་དེ་བློ་བཟང་སྙན་གྲགས་ཀྱིས་ཚེམ་བཟོ་རྒྱག་པ།ཁ་དོག་སྡེབ་སྒྲིག་དང་བཟོ་དབྱིབས་ཇུས་འགོད་དེ་ཚང་མར་ང་ཧ་ཅང་དགའ་བ།

    ལས་ཀའི་ཞོར་དུ་ངས་བརྙན་ཐུང་ཕབ་ལེན་བྱས་ནས་དྲས་གཏུབ་དང་ཚེམ་བཟོ་སོགས་ཀྱི་ཚེམ་བཟོ་འཚོ་བ་ཟིན་ཐོར་འགོད་རྒྱུར་དགའ་པོ་ཡོད་ལ་བློ་ཡིད་ཚིམ་པའི་གྱོན་ཆས་དང་ཁྲ་ཡོལ།སྒོ་ཡོལ་སོགས་གྲུབ་རྫས་པར་བླངས་ནས་འདར་སྒྲ་དང་བརྙན་སྟེགས་ཨང་རྟགས་སོགས་མཉམ་སྤྱོད་བྱེད་པ་དང་གྲོགས་པོ་མང་པོ་ཞིག་གིས་ངས་མཉམ་སྤྱོད་བྱས་པའི་བརྩམས་ཆོས་མཐོང་ནས་ཚེམ་བཟོ་ཁང་དུ་བསྐྱོད་དེ་ཞིབ་ཕྲའི་གནས་ཚུལ་འདྲི་རྩད་བྱེད་པ་མ་ཟད་གཟུགས་པོར་ཚད་འཇལ་ནས་གྱོན་ཆས་བཟོ་གི་ཡོད།ལོ་13་རིང་གི་ཚེམ་བཟོའི་འཚོ་བའི་ནང་ཚེམ་བཟོའི་ལག་རྩལ་ལ་སྐུ་མགྲོན་གྱི་ཁས་ལེན་ཐོབ་པ་མ་ཟད་སེམས་འགུལ་ཆེན་པོ་ཐེབས་པ་ཞིག་ནི་ངའི་སྐུ་མགྲོན་ནང་ལི་སུའུ་རིགས་དང་འཇང་རིགས་ཀྱི་གྲོགས་པོ་ཚོས་ལི་སུའུ་རིགས་ཀྱི་ལྭ་བ་དང་འཇང་རིགས་ཀྱི་ལྭ་བ་མངགས་བཟོ་བྱེད་པར་ཡོང་གི་ཡོད། དེ་བས་ཐག་རིང་བའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་སོགས་ཀྱི་འགྲུལ་པ་ཚོས་དྲ་བ་བརྒྱུད་ང་ཚོས་མཉམ་སྤྱོད་བྱས་པའི་བཪྙན་འཕྲིན་མཐོང་རྗེས་ང་ཚོར་བོད་གོས་དང་དེ་བཞིན་ཁྲ་ཡོལ་དང་སྒོ་ཡོལ་སོགས་ཚེམ་བཟོ་བྱ་རྒྱུའི་འབྲེལ་བ་བྱས་ཡོད་ཅེས་བློ་བཟང་སྙན་གྲགས་ཀྱིས་བཤད།

    ཚན་རྩལ་ཆ་འཕྲིན་འཕེལ་རྒྱས་ཀྱིས་ལས་སྒོ་རྒྱ་ཆེར་གཏོང་བའི་གོ་སྐབས་བྱུང་བ་མ་ཟད་ཁོང་ཚོར་སློབ་སྦྱོང་བྱེད་པའི་གོ་སྐབས་ཀྱང་བྱུང་བ་དང་ཁོང་ཚོས་རྟག་ཏུ་ལག་ཐོགས་ཁ་པར་གྱི་བརྙན་ལམ་བརྒྱུད་ཚེམ་བཟོའི་རྩལ་ནུས་སློབ་སྦྱོང་བྱེད་པ་དང་གོས་དཔེ་གསར་དང་གྱོན་ཆས་འགྲེམས་སྟོན་ལ་བལྟས་པ་བརྒྱུད་དར་སྲོལ་གྱི་དར་ཁྱབ་འགྲོ་ཕྱོགས་ཤེས་རྟོགས་བྱེད་ཀྱི་ཡོད་པས་ཚེམ་་ཁང་བཙུགས་མ་ཐག་པའི་སྐབས་དང་བསྡུར་ན་ཁོང་ཚོས་ཚེམ་བཟོའི་གྲུབ་རྫས་དེ་སྲོལ་རྒྱུན་གྱི་བོད་ལུགས་ཚེམ་བཟོའི་ལག་རྩལ་རྒྱུན་འཁྱོངས་བྱེད་པ་དང་དུས་རབས་འཕེལ་རྒྱས་དང་སྦྲེལ་མཐུད་བྱེད་པ་དང་།རི་མོ་དང་།འཁྱུག་རིས།ཚོན་མདངས་སོགས་ཀྱི་ཐད་གསར་གཏོད་བྱས་ཡོད།