མཐའ་ཆུ་གྲོང་རྡལ་གྱིས་མཐུན་སྒྲིལ་དམ་ཟབ་ཀྱིས་ཡུལ་ལྗོངས་གསར་པ་བཏོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-11-07   རྩོམ་ཁུངས།    བདེ་ཆེན་སློབ་སྦྱོང་ལྟེ་གནས།

       མཐའ་ཆུ་གྲོང་རྡལ་ཆི་པེ་གྲོང་ཚོའི་ཨར་འདམ་གྱི་ལམ་བུ་དང་རྡོ་ལེབ་ཀྱི་ལམ་རི་འདབས་བར་དུ་སྣུར་སྲིང་བྱས་ཡོད་ཅིང་།མི་རིགས་ཀྱི་ཉམས་འགྱུར་ལྡན་པའི་སྒོ་ར་དང་ཉེ་འཁོར་གྱི་མཛེས་ལྗོངས་གཞི་གཅིག་ཏུ་འདྲེས་ཡོད། འཇང་རིགས་བུ་མོ་ཧོ་ཡན་ཆུན་གྱིས་ལག་ཐོགས་ཁ་པར་གྱི་ཐོག་ནས་སྔོ་ཐིང་ཐིང་གི་སྒོ་རའི་མཛེས་ལྗོངས་པར་དུ་བསྐྱོན་པའི་ལས་ལ་བྲེལ་ཞིང་། ཁོ་མོ་ནི་དེ་སྔ་གྲོང་ཚོའི་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་དུད་ཚང་ཞིག་ཡིན།   ད་ཆ་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་ཡོད། དང་ཐོག་ལས་འཁུར་དགོངས་ཞུ་བྱས་ནས་ཕ་ཡུལ་དུ་ལོག་སྟེ་མགྲོན་ཁང་ཕྱེས་པར་མི་མང་པོ་ཞིག་གིས་གོ་བ་ལོན་ཐུབ་ཀྱི་མེད་ཅིང་།   ཅིའི་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན་ནམ་ཞེས་དྲིས་ཚེ་ཁོ་མོས་རང་གི་ཨ་མ་ལགས་ལ་གཉོར་སྐྱོང་བྱེད་འདོད་པས་ལོག་པ་ཡིན་ཟེར། 

     མིག་སྔར་གྲོང་རྡལ་ཡོངས་སུ་མགྲོན་ཁང་107དང་ཁྱད་ལྡན་ཞིང་ཁྱིམ་སྤྲོ་སྐྱིད་ཁང་120ལྷག་ཡོད། ལོ་རེར་ནང་ལོགས་ཀྱི་ཡུལ་སྐོར་བ་མི་ཐེངས་ཁྲི་13ལྷག་ཙམ་ལ་སྣེ་ལེན་ཞུ་བཞིན་ཡོད་ཅིང་། མི་900ལྷག་ཙམ་གྱིས་ཡུལ་སྐོར་ལས་དོན་ལ་སྣེ་ཁྲིད་བཅས་བྱས་པས་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་2020ལོའི་སྒོར་ཁྲི་2ནས་2023ལོའི་སྒོར་ཁྲི་4བར་མང་དུ་ཕྱིན་ཡོད་པ་རེད།

     མི་འགའ་ཞིག་གིས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་ཐོན་ལས་ལག་རྩལ་འཁྱེར་ཡོང་གི་ཡོད།  ཧོ་ཡན་ཆུན་གྱིས“རྒྱ་རིགས་དང་། འཇང་རིགས། བོད་རིགས་བཅས་གང་ཡིན་རུང་ཚང་མས་མཐུན་སྒྲིལ་རོགས་རེས་བྱས་ན་ཐུན་མོང་ཐོག་ཡར་རྒྱས་དང་ཐུན་མོང་ཐོག་ཕྱུག་པོ་ཆགས་ཐུབ”ཅེས་བཤད་པ་རེད། ད་ཆ་མཐའ་ཆུ་གྲོང་རྡལ་ནི་ཞིང་ཆེན་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་དང་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་རྡལ་དུ་གྱུར་ནས་ཁོངས་གཏོགས་ཀྱི་ཆི་པེ་གྲོང་ཚོ་དང་མཐའ་ཆུ་གྲོང་ཚོར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ་དང་ཞིང་ཆེན་རིམ་པའི་ཡུལ་སྐོར་གྲགས་ཅན་གྲོང་ཚོ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་སྟེ་གྲོང་གསེབ་ཡུལ་སྐོར་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་བཞིན་ཡོད་ཅེས་བཤད།

     མིག་སྔར་མཐའ་ཆུ་གྲོང་རྡལ་གྱིས་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་གྱི་རྣམ་གྲངས་15དང་། སྣོད་བཅུད་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་4བཏོན་ཡོད། ཆེད་དོན་རོལ་དབྱངས་ཁང་སོགས་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཉམས་ལེན་ཁུལ་ཁག་གཅིག་བཏོད་ནས་ཁྱིམ་ཚང་རྣམ་པའི་སྲོལ་རྒྱུན་དམངས་སྲོལ་ཉམས་ལེན་གྱི་རྣམ་གྲངས་གསར་སྤེལ་བཅས་བྱས་ཡོད་པ་རེད།

     གྲོང་སྡེར་སྐྱོད་སྐབས་ཕན་ཚུན་བར་འཇང་སྐད་དང་། བོད་ཁྱིམ་གྱི་གུས་ལུགས་གླེང་བ། ལི་སུའུ་རིགས་ཀྱི་གཞས་གཏོང་བ། སྒོ་རའི་ནང་འཇང་རིགས་ཀྱི་རྫ་ཁང་དང་། བོད་ཁྱིམ་གྱི་མཛེས་སྤྲས། ལི་སུའུ་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མཉམ་འདྲེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་བྱས་ནས་གྲོང་མི་ཚོས་མཉམ་དུ་སློབ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་དུ་དགའ་གཏོང་བྱེད་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད།   སྒོ་རའི་ནང་དུ་སྐྱོད་སྐབས་ས་སྲོད་ཀྱི་མཚམས་སུ་གྲོང་མི་ཚོ་སྐོར་དང་སྐོར་བྱས་ནས་ལ་ལས་སྒོར་གཞས་འཁྲབ་པ་དང་ལ་ལས་པི་ཝང་དཀྲོལ་ནས་ཉེ་འགྲམ་གྱི་གནས་ཚུལ་གླེང་བ་ནས་བདེ་སྐྱིད་ལྡན་པའི་འཛུམ་མདངས་རེ་རེ་ལས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་མངོན་བཞིན་མཆིས།

    སློབ་གྲྭར་སྐྱོད་སྐབས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱང་བསྒྲགས་ལུས་རྩལ་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་ཟབ་མོ་བཅངས་ཡོད།

     མཐའ་ཆུ་གྲོང་རྡལ་དུ་མངོན་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་ཁང་དང་། དམངས་སྲོལ་འགྲེམས་སྟོན་ཁང་། ཕ་ཡུལ་དྲན་སེམས་ཁང་སོགས་ཁྱད་ལྡན་རིག་གནས་ཁང་དང་རིག་གནས་བྱེད་སྒོ་སྤེལ་ཡུལ་100ལྷག་ཙམ་ཡོད་པ་དང་། མི་རིགས་ཀྱི་དམངས་ཁྲོད་འཁྲབ་སྟོན་མཐུན་ཚོགས་28དང་དམངས་ཁྲོད་འཁྲབ་སྟོན་ཚོགས་པ་48བཙུགས་ཡོད།  ཡུལ་སྐོར་རྣམ་གྲངས་དང་རིག་གནས་མྱོང་རོལ་བྱེད་སྒོ་ཕུན་སུམ་ཚོགས་པོ་ཡོད་པར་གྲོང་མི་ཚོའི་སྟོབས་ཤུགས་གཅིག་ཏུ་འདུས་པ་དང་གྲོང་མི་ཚོའི་དངུལ་ཁུག་ཀྱང་ཇེ་མཐུག་ཏུ་གྱུར་ཡོད།

     ད་ཆ་མཐའ་ཆུ་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ་7གྱི་གྲོང་མི་ཚོ་ཆུང་120ཡོད་པ་དེ་དག་གི་མི་རིགས་མང་བ་དང་རིག་གནས་སྣ་མང་མཉམ་གནས་དང་མི་རིགས་ཁག་གི་མི་དམངས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་བཞད་པ་ལས་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མངོན་བཞིན་ཡོད་པ་རེད།