བདེ་ཆེན་གྱིས་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཐོག་མཐའ་བར་གསུམ་དུ། བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་《ཀྲུང་བོད་སྨན་བཅོས་བྱ་གཞག་གི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྔ་རྗེས་སུ་ཀྲུང་བོད་སྨན་རྫས་བྱ་གཞག་འཕེལ་རྒྱས་ལ་རོགས་སྐྱོར་དང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར།》《ཀྲུང་བོད་སྨན་བཅོས་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར།》སོགས་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་དང་འཕེལ་རྒྱས་བྱ་ཐབས་བཟོས་ནས་བཏོན་པ་དང་། ཀྲུང་བོད་སྨན་བཅོས་ཀྱི་ཁྱད་ལྡན་ཞབས་ཞུ་དང་།གཞུང་འཛུགས་ཀྲུང་བོད་སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གཙོ་གནད་རིག་ཚན་དང་གཙོ་གནད་ཆེད་སྦྱོང་ཚན་ཁག་འཛུགས་སྐྲུན། ཀྲུང་བོད་སྨན་བཅོས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྨན་ཁང་ནང་གི་སྨན་རྫས་ཞིབ་འཇུག་གསར་སྤེལ་བཅས་བྱེད་པར་གཙོ་གནད་དུ་རྒྱབ་སྐྱོར་བྱས་ཏེ། བདེ་ཆེན་གྱི་དོན་དངོས་དང་མཐུན་པའི་ཀྲུང་བོད་སྨན་བཅོས་འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག་བཏོད་པ་རེད།



   བོད་ལུགས་སྨན་བཅོས་རིག་གནས་རྒྱུན་འཛིན་ལ་མཁས་པ།
    ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རང་ཁུལ་གྱིས་བོད་ལུགས་སྨན་བཅོས་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་།1980་ལོར་བདེ་ཆེན་ཁུལ་མི་དམངས་སྨན་ཁང་དུ་བོད་སྨན་ཚན་ཁག་བཙུགས་པ། 1987་ལོའི་ཟླ་7་པར་བདེ་ཆེན་ཁུལ་བོད་སྨན་ཁང་བཙུགས་པ། 1989་ལོར་བོད་སྨན་ཁང་གི་བོད་སྨན་ལྟེ་གནས་སྨན་རྫས་ལས་སྣོན་ཁང་བཙུགས་པ།ཁུལ་ཡོངས་ཀྱི་ཀྲུང་བོད་སྨན་བཅོས་ཞབས་ཞུའི་མ་ལག་རིམ་བཞིན་བཙུགས་པ་དང་འཐུས་ཚང་དུ་བཏང་བ།
    2019ལོའི་ཟླ་9ཚེས་1ཉིན། 《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྨན་སྲོལ་ཡིག་》དངོས་སུ་ལག་བསྟར་བྱས་པ། བདེ་ཆེན་ཁུལ་བོད་སྨན་ཁང་གིས་སྔ་རྗེས་སུ་《བདེ་ཆེན་བོད་སྨན།》དང་《ཡུན་ནན་བོད་སྨན།》སོགས་བོད་ལུགས་སྨན་བཅོས་ཀྱི་ཆེད་རྩོམ་རྩོམ་སྒྲིག་དང་པར་སྐྲུན་བྱས་ནས་བདེ་ཆེན་གྱི་ཁྱད་ལྡན་བོད་ལུགས་སྨན་བཅོས་ཀྱི་ཆེད་རྩོམ་མ་ལག་རིམ་བཞིན་ཆགས་པར་བྱས་ཡོད། 2005ལོར་བདེ་ཆེན་ཁུལ་བོད་སྨན་ཁང་གིས་《བདེ་ཆེན་བོད་སྨན་གྱི་ཚད་གཞི།》གཙོ་སྐྱོང་བྱས་ནས་རྩོམ་སྒྲིག་བྱས་པ། 2006ལོ་ནས་2017ལོ་བར་སྔ་རྗེས་སུ་《བདེ་ཆེན་ཁུལ་བོད་སྨན་གྱི་སྨན་རྫས་ལས་སྣོན་ཚད་གཞི་》ཡི་དེབ་དང་པོ་དང་གཉིས་པ་བཏོན་པས་བོད་སྨན་གྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་ནུས་ལྡན་ཐུབ་ཡོད།2009ལོར་བདེ་ཆེན་ཁུལ་གྱི་་བོད་སྨན་དེ་ཡུན་ནན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་པ། 2011ལོར་བདེ་ཆེན་ཁུལ་གྱི་བོད་ལུགས་རུས་རྨས་བཅོས་ཐབས་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་ཡོད།
    ད་ལོར། རང་ཁུལ་གྱིས་ད་དུང་《བདེ་ཆེན་ཁུལ་གྱིས་ཀྲུང་བོད་སྨན་བཅོས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འདུ་འགོད་གལ་ཆེན་གྱི་ལག་བསྟར་ཇུས་གཞི་》བཏོན་ནས་ཀྲུང་བོད་སྨན་བཅོས་ཀྱི་ཚན་ཞིབ་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཀྲུང་བོད་སྨན་བཅོས་ཀྱི་སྤུས་ཚད་མཐོ་རུ་དང་དེ་བཞིན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། “ཀྲུང་བོད་སྨན་བཅོས་+བདེ་ཐང་ཡུལ་སྐོར་”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་7གྱི་ལས་འགན་གཙོ་གནད་ཐོག་བཀོད་སྒྲིག་བྱས་ཏེ་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ལུགས་སྨན་བཅོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་བཏོན་པ།
    བོད་ལུགས་སྨན་བཅོས་བྱ་གཞག་ལ་འཕེལ་རྒྱས་ཐབས་ལམ་ཡོད།
    བདེ་ཆེན་ཁུལ་བོད་སྨན་ཁང་ནི་1987་ལོར་བཙུགས་པ། རྒྱལ་ཁབ་དང་། ཞིང་ཆེན། ཁུལ་བཅས་རིམ་ཁག་ཏང་སྲིད་སྡེ་ཚན་གྱི་ཚད་མཐོའི་མཐོང་ཆེན་དང་འབྲེལ་ཡོད་སྡེ་ཚན་ཁག་གི་ཤུགས་ཆེའི་རོགས་སྐྱོར་འོག་ལོ་30་ལྷག་ཙམ་རིང་འཛུགས་སྐྲུན་དང་འཕེལ་རྒྱས་བཏང་བ་བརྒྱུད་ནས། མིག་སྔར། སྨན་བཅོས་དང་འཕྲོད་སྦྱོར། སློབ་ཁྲིད། བོད་སྨན་ཐོན་སྐྱེད་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཀ་པ་རིམ་གཉིས་ལྡན་པའི་མི་རིགས་སྨན་ཁང་ཞིག་ཏུ་བསྐྲུན་ཡོད།
    ད་ལོའི་ཟླ་དང་པོར། བདེ་ཆེན་ཁུལ་བོད་སྨན་ཁང་གིས་“ཡུན་ནན་ཞིང་ཆེན་བོད་སྨན་ཁང་”གི་སྒོ་བྱང་འགེལ་བའི་མཛད་སྒོ་འབྱེད་པ། མིག་སྔའི་བར། ཁུལ་ཡོངས་སུ་ཁྱོན་ཀྲུང་བོད་སྨན་བཅོས་སྒྲིག་གཞི་14ཡོད་པ་དང་། ཕྱོགས་བསྡུས་སྨན་ཁང་4དང་། མ་བུ་འཕྲོད་སྦྱོར་ཁང་3། ཤང་གྲོང་འཕྲོད་བསྟེན་ཁང་29 སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་3བཅས་ཚང་མར་ཀྲུང་བོད་སྨན་བཅོས་ཚན་ཁག་(ཁང་)བཙུགས་ཡོད་པ། གྲོང་ཚོའི་འཕྲོད་བསྟེན་ཁང་142་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་3གྱིས་ཀྲུང་བོད་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་ཐུབ་པ། ཁུལ་ཡོངས་སུ་བོད་སྨན་ཐོན་སྐྱེད་སྒྲིག་གཞི་3ཡོད་པ་རེད།
    མིག་སྔར། བདེ་ཆེན་ཁུལ་བོད་སྨན་ཁང་ལ་ཞིང་ཆེན་རིམ་པའི་ཀྲུང་ལུགས་གསོ་རིག་གི་གཙོ་གནད་ཆེད་ཚན་(ཆེད་ནད་)2 ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་ལེགས་ཆའི་ཆེད་ཚན་3ཡོད།  2022ལོར་དྲེག་གྲུམ་ཚན་ཁག་དེ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱིས་རྒྱལ་ཁབ་ས་ཁོངས་མི་རིགས་(ཆེད་ཚན་)ཀྱི་ནད་བརྟག་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ནང་བཅུག་པ། འབའ་ལུང་རྫོང་ཀྲུང་བོད་སྨན་ཁང་གི་ལུས་གསོའི་ཚན་ཁག་དང་དྲེག་གྲུམ་ཚན་ཁག་དེ་ཞིང་ཆེན་རིམ་པའི་ཀྲུང་ལུགས་སྨན་བཅོས་ཀྱི་ཁྱད་ལྡན་ལེགས་ཆའི་ཆེད་ཚན་ནང་བཅུག་ཡོད།
    ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་ཀྲུང་བོད་སྨན་བཅོས་ཀྱི་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་གོང་འོག་མཉམ་འགུལ། ལེགས་ཆ་གསབ་རེས། ཐོན་ཁུངས་མཉམ་སྤྱོད། ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་བདེ་ཆེན་གྱི་ཀྲུང་བོད་སྨན་བཅོས་འཁོར་སྐྱོད་ལམ་སྲོལ་རིམ་བཞིན་བཙུགས་པ་དང་བདེ་ཆེན་ཁུལ་ཀྲུང་བོད་སྨན་བཅོས་མཉམ་འབྲེལ་ཁང་གིས་གཞི་རིམ་གྱི་ཀྲུང་བོད་སྨན་བཅོས་གྱི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བའི་འདུ་འགོད་ལ་སྐུལ་འདེད་གཏོང་རྒྱུ་གོ་སྐབས་སུ་བྱས་ཏེ་ཀྲུང་བོད་སྨན་བཅོས་ཀྱི་འཕྲོད་བསྟེན་ལག་རྩལ་ཁྱབ་གདལ་བེད་སྤྱོད་བྱེད། མིག་སྔར། བདེ་ཆེན་ཁུལ་གྱི་ཤང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་100%་ཡིས་རིགས་6་དང་རྣམ་གྲངས་10་ཡན་གྱི་ཀྲུང་བོད་སྨན་བཅོས་འཕྲོད་བསྟེན་ལག་རྩལ་མཁོ་འདོན་བྱེད་ཐུབ་པ། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་100%དང་གྲོང་ཚོའི་འཕྲོད་བསྟེན་ཁང་87.8%ཀྱིས་རིགས་4དང་རྣམ་གྲངས་6ཡན་གྱི་ཀྲུང་བོད་སྨན་བཅོས་འཕྲོད་བསྟེན་ལག་རྩལ་མཁོ་འདོན་བྱེད་ཐུབ་པ།
    བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ནུས་ལྡན་བྱེད།
    2013ལོར།“པད་མ་བསྟན་འཛིན་སྨན་པ་གྲགས་ཅན་ལས་དོན་ཁང་”ལ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་ཆོག་མཆན་ཐོབ་ནས་འཛུགས་སྐྲུན་བྱས་པ་མ་ཟད་བེད་སྤྱོད་གཏོང་འགོ་ཚུགས་ཡོད། 2014ལོར། བདེ་ཆེན་བོད་ལུགས་གསོ་རིག་གི་རུས་རྨས་གསོ་ཐབས་བརྒྱུད་སྦྱོང་ལྟེ་གནས་དེ་བདེ་ཆེན་ཁུལ་བོད་སྨན་ཁང་དུ་བཙུགས་པ་དང་བརྒྱུད་སྦྱོང་ལྟེ་གནས་ཀྱིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་མང་ཚོགས་ལ་བོད་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་རུས་རྨས་གསོ་ཐབས་ཤེས་སུ་བཅུག་པ་དང་ཆབས་ཅིག མཐོ་རིམ་གསོ་རིག་སློབ་གླིང་དང་མཉམ་ལས་བྱས་ཏེ་སློབ་མ་སློབ་གྲྭར་སློབ་སྦྱོང་བྱེད་པར་སྐྱེལ་ནས་དུས་རབས་གསར་པའི་བོད་ལུགས་གསོ་རིག་གི་རྒྱུན་འཛིན་པ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱས་པ།
    མིག་སྔར། ཁུལ་ཡོངས་སུ་རྒྱལ་ཡོངས་ཀྱི་སྨན་པ་གྲགས་ཅན་གྱི་རྒྱུན་འཛིན་ལས་དོན་ཁང་1དང་རྒྱལ་ཡོངས་ཀྱི་གཞི་རིམ་གྱི་ཀྲུང་ལུགས་སྨན་པ་གྲགས་ཅན་གྱི་རྒྱུན་འཛིན་ལས་དོན་ཁང་2བསྐྲུན་ཟིན་པ། ངག་ཐོག་ནས་བརྒྱུད་ཁྲིད་དང་ནད་ཐོག་སྨན་བཅོས་བེད་སྤྱོད་དང་ལག་ལེན་བཀོལ་སྤྱོད་བརྒྱུད་རིག་གཞུང་ཉམས་མྱོང་དང་ལག་རྩལ་གྱི་དམིགས་བསལ་ཡོན་ཏན་བརྒྱུད་ཁྲིད་བྱས་པ་བརྒྱུད་ཀྲུང་བོད་སྨན་རྫས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཀྲུང་བོད་སྨན་རྫས་ཞབས་ཞུའི་དགོས་མཁོ་སྐོང་ཐུབ་པ་བྱུང་ཡོད།

    མིག་སྔར། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གིས་བདེ་ཆེན་ཁུལ་ལ་བོད་ལུགས་གསོ་རིག་གི་ཆེད་ལས་ཤེས་ལྡན་མི་སྣ་200་ལྷག་ཙམ་གསོ་སྐྱོང་བྱས་པ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་བདེ་ཆེན་ཁུལ་ལ་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་80་ལྷག་ཙམ་གསོ་སྐྱོང་བྱས་པས་བདེ་ཆེན་ཁུལ་བོད་ལུགས་སྨན་བཅོས་ཀྱི་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་ཞི་ལྷོད་དུ་གཏོང་བ། མིག་སྔར་ཁུལ་ཡོངས་ཀྱིས་རིམ་རྩིས་བྱས་ན་ཀྲུང་ལུགས་གསོ་རིག་རིགས་ཀྱི་སྨན་སློབ་མ་52རིན་མི་དགོས་པའི་གསོ་སྐྱོང་བྱས་ཡོད། རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་(གྲངས་ཉུང་མི་རིགས་ཀྱི་གསོ་རིག་) གི་ཕུལ་བྱུང་ཤེས་ལྡན་མི་སྣ་2གསོ་སྐྱོང་བྱས་པ། ཞིང་ཆེན་ཡོངས་ཀྱི་དགེ་རྒན་གྱིས་དགེ་ཕྲུག་ཁྲིད་དེ་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་བྱེད་པའི་ཤེས་ལྡན་མི་སྣ་13ཡོད།