ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོའི་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཧྲང་ཀྲང་ཡུས་ཀྲའོ་ཆང་དང་བཅས་པར་མཇལ་འཕྲད་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

      

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་9ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོའི་དངུལ་ཁང་ཡུན་ནན་ཡན་ལག་དངུལ་ཁང་ཏང་ཨུའི་ཧྲུའུ་ཅིའམ་ཧྲང་ཀྲང་ཡུས་ཀྲའོ་ཆང་དང་བཅས་པར་མཇལ་འཕྲད་གནང་བ་རེད།

        ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་སྤྲོ་སེམས་འཁུལ་བའི་ངང་དགའ་བསུ་ཞུ། ཁོར་གིས་ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་གྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་དོན་འཁྱོལ་མཐར་ཕྱིན་གཏིང་ཟབ་བྱས་པ། བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་“དོན་ཆེན་བཞི”དམ་འཛིན་བྱས། རིག་གནས་ཡུལ་སྐོར་དང་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས། ལྗང་མདོག་ནུས་ཁུངས། ལྗོང་མདོག་གཏེར་ལས་བཅས་ཐོན་ལས་ཆེན་པོ་བཞི་ཤུགས་ཆེན་གྱིས་འཕེལ་རྒྱས་བཏང་ཡོད། བདེ་ཆེན་ཁུལ་དང་ཀྲུང་གོའི་དངུལ་ཁང་ཡུན་ནན་ཡན་ལག་དངུལ་ཁང་གི་མཉམ་ལས་བར་སྟོང་རྒྱ་ཆེ་ལྡན་ལ་ཀུང་སིས་བདེ་ཆེན་དང་སྤེལ་རེས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྣམ་གྲངས་འཛུགས་སྐྲུན་གལ་ཆེན་དང་ཐོན་ལས་རིགས་སྒྱུར་རིམ་སྤེལ། ཀུན་ཕན་དངུལ་རྩའི་འཕེལ་རྒྱས་སོགས་ཀྱི་ཕྱོགས་ལ་མཉམ་ལས་གོ་སྐབས་འཚོལ་ནས་བདེ་ཆེན་དཔལ་འབྱོར་དང་སྤྱི་ཚོགས་སྤུལ་ཚད་མཐོ་བའི་ངང་འཕེལ་རྒྱས་བྱུང་བར་རོགས་རམ་གནང་རྒྱུའི་རེ་བ་བཏོན།

        ཡུས་ཀྲའོ་ཆང་གིས་བདེ་ཆེན་ཁུལ་གྱི་འཕེལ་རྒྱས་གནས་བབ་ལེགས་པ་དང་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེ་བ། ཀྲུང་གོའི་དངུལ་ཁང་ཡུན་ནན་ཡན་ལག་དངུལ་ཁང་གིས་བདེ་ཆེན་ཁུལ་དང་དེ་བས་གཏིང་ཟབ་མཉམ་ལས་ཡོང་རྒྱུའི་རེ་སྒུག་ཡོད་པས། ཀུང་སིས་བདེ་ཆེན་གྱི་དངོས་གནས་ལ་བརྟེན་ནས་རང་ཉིད་ཀྱི་གནས་བབ་ཡག་པོ་འདོན་སྤེལ་བྱས་ནས། དངུལ་རྩའི་ཞབས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དངུལ་རྩའི་མཁོ་འདོན་ལེགས་སུ་གཏོང་ནས།བདེ་ཆེན་གྱི་འཕེལ་རྒྱས་ལ་དངུལ་རྩའི་འཇུག་ཤུགས་ཆེར་གཏོང་རྒྱུ་ཞེས་མཚོན།

        ཁུལ་འགོ་ཁྲིད་ཁྲིན་ཆོན་དང་ལིའོ་ཝུན་ཚའེ། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དོམ་སྤྱིའི་ཅུས་བདེ་ཆེན་ལྟ་སྐུལ་དོ་དམ་ཡན་ལག་ཅུས་ཀྱི་འགན་འཁུར་བློ་མཐུན་མཇལ་འཕྲད་དུ་ཞུགས།