ཁུལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་དང་དཔྱད་ཞིབ་དཔྱད་དཔོག་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ལས་དོན་གྱི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


                

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ་འཕྲིན།  ཟླ7པའི་ཚེས་8ཉིན་གྱི་སྔ་དྲོར།  ཁུལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་དང་དཔྱད་ཞིབ་དཔྱད་དཔོག་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ལས་དོན་གྱི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ནན་བཤད་བྱས་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་དགོས་པ་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཞིང་ཆེན་རིམ་པའི་དཔྱད་ཞིབ་དཔྱད་དཔོག་གི་ཚུར་ལེན་གནད་དོན་དག་ཐེར་ལ་དམ་འཛིན་ནན་ཏན་བྱས་ཏེ་རང་ཁུལ་གྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

        ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་གསུང་བཤད་བྱས་པ་རེད།

        ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་ཚོགས་འདུར་ཞུགས་པ།

        ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།  ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གི་འབྲེལ་ཡོད་མཆན་འགོད་མཛུབ་སྟོན་དང་ཞིང་ཆེན་ཡོངས་ཀྱི་དཔྱད་ཞིབ་དཔྱད་དཔོག་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་།  ཞིང་ཆེན་རིམ་པའི་དཔྱད་ཞིབ་དཔྱད་དཔོག་གནས་ཚུལ་བརྡ་ཁྱབ་བཏང་བ།  རྫོང་(གྲོང་ཁྱེར་)གསུམ་དང་ཁུལ་ཨུའི་ཞིང་ལས་གཞུང་དོན་ཁང་གི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་དང་རང་ཁུལ་དུ་གནས་པའི་གནད་དོན་ལ་དབྱེ་ཞིབ་དང་དག་ཐེར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

        ཚོགས་འདུའི་ཐོག་ནན་བཤད་བྱས་དོན།  གནད་དོན་དག་ཐེར་ལེགས་བཅོས་དམ་འཛིན་ཡག་པོ་བྱ་རྒྱུ་ནི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པའི་ལངས་ཕྱོགས་དང་། འདོད་བློ། གཤིས་རྒྱུད། ནུས་པ་བཅས་ལ་ཐད་ཀར་ཚོད་བགམ་བྱེད་པ་ཞིག་ཡིན་པས། གནད་དོན་དག་ཐེར་ལེགས་བཅོས་དམ་འཛིན་ཡག་པོ་བྱ་རྒྱུ་དེ་"གཏན་འཁེལ་གཉིས་"ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་བཀུར་ཞུ་བ་དང་།"སྲུང་སྐྱོང་གཉིས་"མཐའ་གཅིག་ཏུ་བྱེད་ཐུབ་པའི་ཞིབ་བཤེར་གལ་ཆེན་ཞིག་ཏུ་བརྩི་བ་དང་།"རིམ་པ་ལྔའི་ཧྲུའུ་ཅིས་"གྲོང་གསེབ་དར་རྒྱས་དང་། སྡེ་ཚན་གྱི་འགན་འཁྲི། ཁུལ་དང་རྫོང་དང་ཤང་རིམ་པ་ཁག་གི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་བྱ་སྤྱོད་ཐོག་དོན་འཁྱོལ་ཏན་ཏིག་བྱེད་དགོས།  སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེ་གཏིང་ཟབ་ཏུ་སྤེལ་བ་དང་། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་"ཨར་ལས་རུ་དཔོན་"ཡག་པོ་བྱས་ཏེ། སྣེ་ཁྲིད་དང་། སློབ་ཁྲིད་བཅས་བྱེད་པ་དང་།"ལུགས་གསུམ་དང་ཅན་གསུམ་"ལག་བསྟར་གཏིང་ཟབ་བྱེད་པ། "འཕྲལ་མ་གསུམ་"སྒྲུབ་ཐུབ་པ་བཅས་བྱས་ཏེ། སྤྱོད་ཚུལ་འགྱུར་ལྡོག་གིས་ལས་ཀའི་འགྱུར་ལྡོག་ལ་སྣེ་ཁྲིད་བྱ་དགོས།

        ཚོགས་འདུའི་ཐོག་ནན་བཤད་བྱས་དོན།  གཟབ་ནན་དང་ནན་ཏན་གྱིས་དག་ཐེར་ཡོ་བསྲང་དམ་འཛིན་ལེགས་པོ་བྱ་དགོས་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དག་ཐེར་ཡོ་བསྲང་གི་ཇུས་གཞི་གང་མགྱོགས་གཏན་འབེབས་དང་། འགན་འཁྲིའི་སྡེ་ཁག་དང་། དག་ཐེར་ཡོ་བསྲང་བྱེད་ཐབས། དག་ཐེར་ཡོ་བསྲང་གི་དུས་བཀག་བཅས་ཁ་གསལ་བཟོ་བ། ལས་ཀའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། རེ་རེ་བཞིན་དག་ཐེར་ལེགས་བཅོས་དམ་འཛིན་ལེགས་པོ་བཅས་བྱ་དགོས།  རྫོང་(གྲོང་ཁྱེར་)ཁག་གི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་དག་ཐེར་ལས་དོན་གྱི་"འགན་འཁུར་བ་དང་པོའི་"འགན་འཁྲི་ཏན་ཏིག་འཁུར་ནས་"ཨར་ལས་རུ་དཔོན་"ཡག་པོ་བྱེད་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་འགུལ་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཆགས་པ་བྱས་ཏེ་དག་ཐེར་ལས་དོན་དོན་འཁྱོལ་ཞིབ་ཚགས་ཡོང་བའི་འགན་ལེན་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་རང་འགན་རང་འཁུར་དང་། དཀའ་གནད་ཐག་གཅོད་བཅས་བྱེད་པའི་བློ་སྟོབས་དང་ཆོད་སེམས་ལ་བརྟེན་ནས་གནད་དོན་དག་ཐེར་ཡོ་བསྲང་དམ་འཛིན་ཡག་པོ་བྱས་ཏེ་རང་ཉིད་ཀྱི་"འགན་འཁྲིའི་ས་ཞིང་"ཡག་པོ་སྲུང་དགོས།  སྒྱུར་བཅོས་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་གནད་སྨིན་ནུས་ལྡན་ངང་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ་ལོ་ཧྲིལ་པོའི་ལས་དོན་ཁྱོན་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

        ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་།  ལི་དབྱང་།  ཁྲེན་ཆོན།  ཞུས་ཀོང་ཏེ་བཅས་ཚོགས་འདུར་ཞུགས།