རྔམ་བརྗིད་ལྡན་པའི་རི་སྐྱེས་སྲོག་ཆགས་ཀྱི་གནས་སྤོར་རྣམ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-24   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ། 

2024ལོའི་ཟླ6པའི་ཚེས13ཉིན། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ལྟེ་གནས་ཁུལ་དུ་གཙོད་ཁྱུ་ཕྲུ་གུ་བཙའ་སར་གནས་སྤོར་བ།

        ལོ་རེའི་ཟླ5བ་ནས7པའི་བར། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་མོའི་ཁྱུ་ཚོགས་གནས་སྤོར་ནས་རིགས་རྒྱུད་སྤེལ་བའི་དུས་སུ་སླེབས་པ་རེད། གཙོད་མོ་ཁྲི་ཕྲག་ལྷག་བོད་བྱང་ཐང་སྲུང་སྐྱོང་ཁུལ་གྱི་གཏིང་ཟབ་ས་སྟེ་དམར་དགེ་ཚྭ་ཁའི་ཉེ་འགྲམ་དང་གཡུ་ལུང་མཚོ་འགྲམ་གྱི་གཙོད་ཕྲུག་བཙའ་སར་གནས་སྤོར་བ་དང་། གནས་དེ་ནས་གཙོད་ཕྲུག་བཙས་རྗེས་ཡང་བསྐྱར་ཕྱིར་ལོག་པ་རེད།

2024ལོའི་ཟླ6པའི་ཚེས13ཉིན། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ལྟེ་གནས་ཁུལ་དུ་གཙོད་ཁྱུ་ཕྲུ་གུ་བཙའ་སར་གནས་སྤོར་བ།

2024ལོའི་ཟླ6པའི་ཚེས15ཉིན། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ལྟེ་གནས་ཁུལ་དུ་གཙོད་ཁྱུ་ཕྲུ་གུ་བཙའ་སར་གནས་སྤོར་བ།

        ཟླ6པའི་ཟླ་དཀྱིལ་དུ་བོད་བྱང་ཐང་སྲུང་སྐྱོང་ཁུལ་གྱི་གཙོད་ཕྲུག་བཙའ་བའི་དུས་ཚིགས་མགོ་བརྩམས་པ་དང་། ལོ་རེའི་དུས་ཚིགས་གཅིག་གི་གཙོད་ཁྱུ་གནས་སྤོར་ཡང་ཆེས་ངོ་མཚར་ལྡན་པ་དང་དྲོ་སྐྱིད་ལྡན་པའི་དུས་སུ་སླེབས།

2024ལོའི་ཟླ6པའི་ཚེས17ཉིན། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ལྟེ་གནས་ཁུལ་མངའ་ཁོངས་སུ་ཡོད་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་སྨད་པ་ཤང་ལུག་ཁྱུ་ཐང་དུ་སྐྱེས་པའི་གཙོད་ཕྲུག་ཅིག །

2024ལོའི་ཟླ6པའི་ཚེས17ཉིན། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ལྟེ་གནས་ཁུལ་མངའ་ཁོངས་སུ་ཡོད་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་སྨད་པ་ཤང་ལུག་ཁྱུ་ཐང་དུ་སྐྱེས་པའི་གཙོད་ཕྲུག་ཅིག་གིས་འོ་མ་ནུ་བཞིན་པ།

        སྤྱི་ལེ་སྟོང་ཕྲག་བར་ཐག་གི་ཨ་ཧྥེ་རི་ཀ་རུ་ལོ་རེའི་ཟླ7པ་ནས9བའི་བར་དུ་ཆུ་ཁུངས་དང་གཟན་རྩྭ་འཚོལ་ཆེད། རྟ་སྟག་རིས་ཅན་དང་གཙོད་སོགས་ཀྱི་རྩྭ་ཟན་རི་སྐྱེས་སྲོག་ཆགས་ཀྱིས་གནས་སྤོར་རུ་ཁག་ཆེན་པོ་ཞིག་གྲུབ་ནས་ཐན་སེང་ཉི་ཡ་སེ་ལོན་ཀེ་ཏུའུ་རྒྱལ་ཁབ་སྤྱི་གླིང་ནས་ཁུན་ནི་ཡ་མ་སུའེ་མ་ལ་རྒྱལ་ཁབ་སྲུང་སྐྱོང་ཁུལ་དུ་གནས་སྤོར་བ་རེད། དེ་ནི་ཨ་ཧྥེ་རི་ཀ་ཤར་མའི་གནས་སྤོར་ཆེན་མོ་ཡིན། རི་སྐྱེས་སྲོག་ཆགས་ཁྲི་ཕྲག་ལྷག་རྒྱ་ཁྱོན་སྨི་གྲུ་བཞི་མ་སྤྱི་ལེ་ཁྲི་ཕྲག་གི་སེ་ལོན་ཀེ་ཏུའུ་ནས་སྤྱི་ལེ་གྲུ་བཞི་མ་ཁྲི་ཕྲག2000ལྷག་གི་མ་སུའེ་མ་ལ་རུ་གནས་སྤོར་བ་རེད།

        དེ་བས་མ་སུའེ་མ་ལ་རྒྱལ་ཁབ་སྲུང་སྐྱོང་ཁུལ་ལ“རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས”ཞེས་འབོད་ཀྱིན་ཡོད། དུས་མཚུངས་སུ་བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རིགས10དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་རིགས21འཚོ་སྡོད་བྱེད་བཞིན་ཡོད་པས“རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས”ཞེས་འབོད་ཀྱིན་ཡོད།

གནས་སྤོར་བྱེད་བཞིན་པའི་མ་སུའེ་མ་ལའི་རྒྱལ་ཁབ་སྤྱི་གླིང་ནང་གི་རི་སྐྱེས་སྲོག་ཆགས།

        2024ལོའི་ཟླ6པའི་ཚེས5ཉིན། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཁྱབ་བསྒྲགས་བྱས་པའི《2023ལོའི་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་ཁྱབ་བསྒྲགས》ལས་མངོན་པ་ལྟར་ན། གཙོད་ཀྱི་གྲངས་འབོར་ཁྲི30ལྷག་སླེབས་པ་དང་། དེ་ནང་མང་ཤས་བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འཚོ་སྡོད་བྱས་ཡོད། གྲངས་ཀ་དེ་མ་སུའེ་མ་ལའི་རི་སྐྱེས་སྲོག་ཆགས་གནས་སྤོར་དང་བསྡུར་ན་ཁྱད་པར་ཅུང་ཆེ་ཡང་། ས་བབ་སྨི4500ཡན་གྱི་རི་མཐོ་རྩྭ་ཐང་དང་སྤང་ཁུལ། མཐོ་གྲང་ཐང་རྒོད་ས་ཁུལ་གྱི་བོད་བྱང་ཐང་གི་གཙོད་ཁྱུ་གནས་སྤོར་བའི་རྣམ་པ་དེ་མ་སུའེ་མ་ལའི་རི་སྐྱེས་སྲོག་ཆགས་གནས་སྤོར་དང་བསྡུར་ཆོག་ཆོག་ཡིན།

གནས་སྤོར་བྱེད་བཞིན་པའི་མ་སུའེ་མ་ལའི་རྒྱལ་ཁབ་སྤྱི་གླིང་ནང་གི་རི་སྐྱེས་སྲོག་ཆགས།

གནས་སྤོར་བྱེད་བཞིན་པའི་བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་ཁྱུ།

གནས་སྤོར་བྱེད་བཞིན་པའི་མ་སུའེ་མ་ལའི་རྒྱལ་ཁབ་སྤྱི་གླིང་ནང་གི་རི་སྐྱེས་སྲོག་ཆགས།

བོད་བྱང་ཐང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་གྱི་གཙོད་ཁྱུ་ཡིས་རྩྭ་ཟ་བཞིན་པ།

གནས་སྤོར་བྱེད་བཞིན་པའི་མ་སུའེ་མ་ལའི་རྒྱལ་ཁབ་སྤྱི་གླིང་ནང་གི་རི་སྐྱེས་སྲོག་ཆགས།

བོད་བྱང་ཐང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་གྱི་གཙོད་ཁྱུ་ཡིས་རྩྭ་ཟ་བཞིན་པ།

གནས་སྤོར་བྱེད་བཞིན་པའི་མ་སུའེ་མ་ལའི་རྒྱལ་ཁབ་སྤྱི་གླིང་ནང་གི་རི་སྐྱེས་སྲོག་ཆགས་ཆུ་བོ་བརྒལ་བཞིན་པའི་ཚུལ།

བོད་བྱང་ཐང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་གྱི་གཙོད་ཁྱུ་ཐན་ཧྲུའེ་ཆུ་བོ་བརྒལ་བཞིན་པའི་ཚུལ།

གནས་སྤོར་བྱེད་བཞིན་པའི་མ་སུའེ་མ་ལའི་རྒྱལ་ཁབ་སྤྱི་གླིང་ནང་གི་རི་སྐྱེས་སྲོག་ཆགས་ཆུ་བོ་བརྒལ་བཞིན་པའི་ཚུལ།

བོད་བྱང་ཐང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་གྱི་གཙོད་ཁྱུ་ཐན་ཧྲུའེ་ཆུ་བོ་བརྒལ་བཞིན་པའི་ཚུལ།

མ་སུའེ་མ་ལའི་རྒྱལ་ཁབ་སྲུང་སྐྱོང་ཁུལ་ནང་གི་གནས་སྤོར་རི་སྐྱེས་སྲོག་ཆགས་ཉེན་ཁ་ཐུག་ནས་རྒྱུག་བཞིན་པའི་ཚུལ།

གནས་སྤོར་ལམ་བར་དུ་ཉེན་ཁ་དང་ཐུག་ནས་རྒྱུག་བཞིན་པའི་བོད་བྱང་ཐང་གི་གཙོད་ཁྱུ།

གནས་སྤོར་ལམ་བར་དུ་ཉེན་ཁ་དང་ཐུག་ནས་རྒྱུག་བཞིན་པའི་བོད་བྱང་ཐང་གི་གཙོད་ཁྱུ།

བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རི་སྤྱང་ཞིག་གིས་གནས་གཙོད་མོ་ཞིག་འདེད་བཞིན་པ།

མ་སུའེ་མ་ལའི་རྒྱལ་ཁབ་སྲུང་སྐྱོང་ཁུལ་དུ་སེང་གེ་ཞིག་གིས་ཁ་ཟས་ཟ་བཞིན་པ།

བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་ཤི་ཟིན་པའི་གཙོད་མོ་ཞིག །