ཀྲང་ཝེ་ཏུང་གིས་ཁེ་ལས་སུ་འཚམས་འདྲི་དང་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་6པའི་ཚེས་18ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་ཁག་སྣེ་ཁྲིད་དེ་ཧྲེན་ཏྰ་ནོར་གནག་འོ་ལས་ཀུང་སི་དང་སེམས་ཀྱི་ཉི་ཟླ་ཆང་ལས་ཀུང་སིར་འཚམས་འདྲི་བརྟག་ཞིབ་གནང་ནས་ཡུལ་དངོས་སུ་མིག་སྔར་ཁེ་ལས་འཕེལ་རྒྱས་རིང་གནས་པའི་དཀའ་ངལ་དང་སྲིད་གཞུང་གིས་ཐོག་གཅོད་བྱེད་རོགས་དགོས་པའི་གནད་དོན་ཞིབ་ཕྲའི་སྒོ་ནས་བཅར་འདྲི་བྱས་ནས་ཐབས་འདོན་ཇུས་འགོད་གནང་བ་རེད།

        ཀྲང་ཝེ་ཏུང་གིས་ཁེ་ལས་འཕེལ་རྒྱས་ཀྱིས་བླངས་པའི་གྲུབ་འབྲས་ཁག་ལ་གདེང་འཇོག་གནང་བ་དང་ཁེ་ལས་ཀྱིས་གསར་གཏོད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་དེ་བས་ཆེ་བའི་འགག་སྒྲོལ་མངོན་འགྱུར་བྱུང་བར་བརྩོན་ལེན་བྱེད་དགོས་པའི་སྐུལ་མ་གཏོང་བ།ཁོང་གིས་ཁེ་ལས་ཀྱིས་རང་ཉིད་ཀྱི་གནས་བབ་ལེགས་པོ་འདོན་སྤེལ་གང་ཐུབ་བྱས་ནས་ཚོང་བ་དེ་བས་ཆེ་བ་གསར་གཏོད་འབོད་དགོས་དང་ཁེ་ལས་ཕོགས་ཆད་གནད་དོན་བཀག་འགོག་བྱེད་པ།བདེ་འཇགས་མཐའ་ཚད་བརྟན་སྲུང་བྱེད་དགོས་པའི་ནན་བཤད་གནང་བ།

        ཀྲང་ཝེ་ཏུང་གིས་ཁུལ་ཡོངས་རིམ་པ་དང་སྡེ་ཚན་ཁག་གིས་ཞབས་འདེགས་འདུ་ཤེས་མཐོ་རུ་གཏོང་བ།ནན་ཏན་གྱིས་ཁེ་ལས་ཀྱི་དངུལ་སྡུད་དཀའ་བ་དང་དངུལ་སྡུད་རིན་གོང་མཐོ་བ་སོགས་གནད་དོན་ཐག་གཅོད་པ།ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ཀྱིས་ལེགས་སུ་གཏོང་ནས།ཁེ་ལས་འཕེལ་རྒྱས་ལ་ཁོར་ཡུག་ལེགས་པོ་ཞིག་གསར་གཏོད་བྱེད་དགོས་དང་ཆ་རྐྱེན་ལེགས་པོ་ཞིག་འདོན་དགོས་པའི་བླང་བྱ་བཏོན་པ།

        ཀྲའོ་ཞའོ་ཕིང་དང་ཁུལ་གྲོང་ཁྱེར་རིམ་གཉིས་ཀྱི་འབྲེལ་ཡོད་འགན་འཁུར་བ་བརྟག་ཞིབ་ཏུ་ཞུགས།