བདེ་ཆེན་མངོན་མིན་རིག་གནས་ཤུལ་བཞག་ཉོ་སྒྲུབ་དུས་ཆེན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  ཟླ་6པའི་ཚེས་8ཉིན་བདེ་ཆེན་མི་རིགས་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་གྱི་2024ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཕྲེང་བསྟར་བྱེད་སྒོའི་གྲས་ཤིག་ཡིན་པའི་མངོན་མེད་ཤུལ་བཞག་རིག་གནས་ཉོ་སྒྲུབ་དུས་ཆེན་དེ་ཟླ་འོད་ཐང་ཆེན་དུ་སྤེལ་བ་རེད།   ལས་ཡུལ་དངོས་སུ་ཚོང་རྫས་འགྲེམས་གནས་20ལྷག་ཙམ་བཙུགས་ཡོད་ཅིང་།  དེ་དག་གི་ནང་དུ་ཞིམ་ཟས་དང་།  བོད་རིགས་ཀྱི་རྒྱན་ཆས།  བོད་སྤོས་སོགས་སྲོལ་རྒྱུན་ལག་རྩལ་རིགས་ཀྱི་མངོན་མེད་རིག་གནས་ཤུལ་བཞག་རྣམ་གྲངས་དང་དེ་བཞིན་བཟོ་རྩལ་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་དང་ཕྱིར་ཚོང་བྱས་ཡོད་པས་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་གིས་འཛད་སྤྱོད་དང་དགའ་བསུ་ཐོབ་ཡོད།