ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་2024ལོའི་མཉམ་སྡེབ་སློབ་སྦྱོང་(རྒྱ་སྐྱེད)ཚོགས་འདུ་ཐེངས་ལྔ་པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    ཟླ་6ཚེས་6ཉིན་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་2024ལོའི་མཉམ་སྡེབ་སློབ་སྦྱོང་(རྒྱ་སྐྱེད)ཚོགས་འདུ་ཐེངས་ལྔ་པ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཆོས་ལུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ཏེ་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་མི་རིགས་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་སྔར་བས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་མི་རིགས་ཆོས་ལུགས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

    ཁུལཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་དང་ཕེང་ཧྲན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མའོ་ཡིའུ་ཧྥ་བཅས་ཚོགས་འདུར་ཞུགས་པ་རེད།

    ཏང་ཨུ་(ཏང་ཙུའུ་)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཞིང་ཆེན་རིམ་པའི་ཟུར་ཉན་ཚོ་ཆུང་17པའི་རུ་སྣེ་ཁྲིད་པའི་འགོ་ཁྲིད་ཝུའུ་ཞུའེ་རུང་ཚོགས་འདུའི་ཟུར་ཉན་དུ་ཞུགས་པ་རེད།

    ཚོགས་འདུའི་ཐོག་《ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་ཟབ་ཏུ་གཏོང་བའི་དུས་བབ་ཀྱི་ལས་འགན་དང་དོན་སྙིང་གལ་ཆེན་》ཞེས་པའི་ཟུར་ཁྲིད་སྙན་ཞུར་གཅིག་སྡུད་ཐོག་གཟིགས་ནས་སློབ་སྦྱོང་བྱས་པ་རེད།

    ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་བདེ་ཆེན་གྱི་་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་བཅས་ཀྱི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་དང་མཉམ་འགུལ་བཟང་པོ་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་དགོས། ཏང་གིས་མི་རིགས་དང་ཆོས་ལུགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས།

    ཝུའུ་ཞུའེ་རུང་གིས་ད་ཐེངས་ཀྱི་སློབ་སྦྱོང་ཚོགས་འདུར་ཁས་ལེན་གང་ལེགས་བྱས། ཁོང་གིས་ཏང་ཨུ་(ཏང་ཙུའུ་)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་སློབ་སྦྱོང་བྱས་པ་བརྒྱུད་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་གྱི་འོད་ཟེར་དངོས་འབྲེལ་རྟོགས་ཐུབ་པ་དང་དེའི་ནང་གི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་སྤྱད་དེ་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་སེལ་མཁས་པོ་བྱེད་དགོས།

ཚོགས་འདུའི་ཐོག་སྐལ་བཟང་རྣམ་རྒྱལ་དང་ཡུས་ཀུའེ་ཧྥང་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

    ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཁོངས་མི་དང་། འབྲེལ་ཡོད་ཁུལ་འགོ་ཁྲིད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་སློབ་སྦྱོང་ནང་ཞུགས་ཡོད་པ་རེད།