ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་བདུན་པས་བདེ་ཆེན་ཁུལ་མང་ཚོགས་ཀྱི་ཞུ་གཏུག་རེ་འདོན་སྒྲུབ་རྒྱུར་སྤྲད་པའི་གནས་ཚུལ་བརྡ་ཁྱབ།(བཅུ་བཞི།)

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    ཟླ་6པའི་ཚེས་6ཉིན།ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་བདུན་པས་ཡུན་ནན་ལ་མང་ཚོགས་ཀྱི་ཞུ་གཏུག་རེ་འདོན་འབོར་ཐེངས་ཉེར་བརྒྱད་པའི་ཡིག་ཆ་ཁག་136རྩིད་སྤྲོད་བྱས་པ།དེའི་ནང་བདེ་ཆེན་ཁུལ་དང་འབྲེལ་བ་4ཡོད་ལ་ཁ་པར་བཏང་ནས་ཐེར་འདོན་བྱས་པ། ཡིག་སྐུར་ཞུ་གཏུག་ཡིག་ཆའི་སྣོད་བཅུད་ཁོར་ཡུག་གནད་དོན་གྱི་རིགས་ལ་བལྟས་ན། སྣོད་བཅུད་དང་འབྲེལ་བ་2ཡོད།  ཆུ་དང་འབྲེལ་བ་1ཡོད། ས་ཁོངས་ཁྱབ་ཚུལ་ལ་བལྟས་ན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འབྲེལ་བ་2ཡོད། འབའ་ལུང་རྫོང་དང་འབྲེལ་བ་2ཡོད།  ཉིན་དེའི་བར། བདེ་ཆེན་ཁུལ་ལ་རིམ་རྩིས་ལྟར་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་གིས་སྒྲུབ་རྒྱུར་སྤྲད་པའི་ཡིག་སྐུར་ཐེར་འདོན་ཡིག་ཆ་ཁག་25འབྱོར་བས། ཐེར་འདོན་ཡིག་ཆ་ཚང་མ་དུས་ཐོག་ཏུ་འབྲེལ་ཡོད་རྫོང་(གྲོང་ཁྱེར)གིས་ཐག་གཅོད་བྱེད་རྒྱུར་སྤྲོད་ཡོད།

    མང་ཚོགས་ཀྱི་ཡིག་སྐུར་ཐེར་འདོན་སྒྲུབ་རྒྱུར་སྤྲོད་པའི་ཡིག་ཆའི་སྒྲུབ་ཚུལ་འབྲེལ་ཡོད་བླང་བྱར་གཞིགས་ནས་ལྟ་ཞིབ་ཚོ་ཆུང་ལ་ཚུར་ལེན་བྱེད་རྒྱུ་དང་བཅོས་སྒྲིག་དང་ཐག་གཅོད་བྱས་ཚུལ་དུས་ཐོག་ཏུ་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱེད་རྒྱུ་ཡིན།

    ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་བདུན་པའི་ཡུན་ནན་ལ་ལྟ་བཤེར་བཅའ་སྡོད་དུས་ཚོད་ནི་ཟླ་བ་གཅིག་ཡིན་ཏེ།  བཅའ་སྡོད་བྱེད་རིང་(2024ལོའི་ཟླ་5པའི་ཚེས་9ཉིན་ནས་ཟླ་6པའི་ཚེས་9ཉིན་)ཆེད་མངགས་ལས་རེས་ཁ་པར་བཙུགས་ཏེ་ཁ་པར་ཨང་གྲངས་ནི་0871-63189600ཡིན།ཆེད་མངགས་སྦྲག་སྲིད་ཡིག་སྒམ་བཙུགས་ཏེ་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་A614སྦྲག་སྲིད་ཡིག་སྒམ།ལྟ་ཞིབ་ཚོ་ཆུང་གིས་ཐེར་འདོན་ཁ་པར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་ཉིན་རེའི་8:00ནས་20:00བར་ཡིན།