བཟའ་བཏུང་བྱེད་སྟངས་གང་དག་གིས་འབྲས་སྐྲན་བསྐྱེད་སྲིད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-31   རྩོམ་ཁུངས།    འཛམ་གླིང་ཡང་རྩེའི་ཚན་སྤེལ།

        འབྲས་སྐྲན་བསྐྱེད་པའི་རྒྱུ་རྐྱེན་སྣ་ཚོགས་ཡོད་ལ།  སྡོམ་རྩིས་བྱས་པ་ལྟར་ན་བཟའ་བཏུང་གི་རྒྱུ་རྐྱེན་གྱིས་དེ་དག་ཁྲོད་ཀྱི1/3ཟིན་པ་དང་།  འབྲས་སྐྲན་འགའ་ཤས་བཟའ་བཏུང་དང་འབྲེལ་བ་ཡོད། དཔེར་ན་ཧྥེ་གླིང་གི་སྐྱེས་པའི་མཆིན་པའི་འབྲས་སྐྲན་ལས40%ནི་བཟའ་བཅའི་ཁྲོད་ཀྱི་དུག་སྲིན་དུག་རྒྱུས་བསྐྱེད་པ་དང་ཨ་རིའི་འབྲས་སྐྲན་ཁྲོད35%བཟའ་བཏུང་དང་འཚོ་བཅུད་ལ་འབྲེལ་བ་ཡོད་པ། རང་རྒྱལ་དུ་བཟའ་བཏུང་དང་འཚོ་བཅུད་ལ་རྐྱེན་བྱས་ཏེ་བྱུང་བའི་འབྲས་སྐྲན་གྱིས50%ཟིན་པ་ལྟ་བུའོ། །

        ཞིབ་འཇུག་ལས་མངོན་པ་ལྟར་ན། བཟའ་བཏུང་དང་འབྲས་སྐྲན་གྱི་འབྲེལ་བ་རྙོག་འཛིང་ཆེ་སྟེ། བཟའ་བཏུང་གི་གོམས་གཤིས་མི་ལེགས་པས་འབྲས་སྐྲན་བསྐྱེད་སྲིད་པ་དང་། བཟའ་བཏུང་གི་གོམས་གཤིས་ལེགས་པོ་བྱུང་ན་འབྲས་སྐྲན་སྔོན་འགོག་བྱེད་པར་ཕན།

        འོ་ན་བཟའ་བཏུང་བྱེད་སྟངས་གང་དག་གིས་འབྲས་སྐྲན་བསྐྱེད་སྲིད་དམ།

        01ནུས་ཚད་ཚད་ལས་བརྒལ་བ།  

        ནུས་ཚད་ཚད་ལས་བརྒལ་ན་ཤ་རྒྱགས་པ་ཆགས་པ་དང་། ཤ་རྒྱགས་པའི་མི་ལ་རྒྱུ་མའི་འབྲས་སྐྲན་འབྱུང་སླ་བ་ཡིན།       

        02བཟའ་བཅའི་གྲུབ་ཚུལ་ལུགས་མཐུན་མིན་པ།

        བཟའ་བཅའི་ཁྲོད་ཀྱི་ཚིལ་དང་ཐཱན་སྐྱུར་འདྲེས་འགྱུར་རྫས་ཀྱི་བསྡུར་ཚད་ལུགས་མཐུན་མ་བྱུང་བར་ཞིབ་བཟོས་ཐཱན་སྐྱུར་འདྲེས་འགྱུར་རྫས་དང་ཚིལ་སོགས་ནུས་ཐོན་ཟས་རིགས་བཟའ་ཚད་མང་དྲགས་ན། ནུས་ཚད་ཚད་ལས་བརྒལ་ནས་ལུས་པོའི་ཚིལ་གྱི་འདུས་ཚད་མང་དུ་འཕེལ་བ་དང་རྙིང་ཚབ་གསར་བརྗེ་འཁྲུག་པར་བྱེད། གཞན་བརྒྱུད་ཀྱི་སྒོ་ནས་འཇུ་ལམ་གྱི་འབྲས་སྐྲན་དང་གཤེར་མའི་འབྲས་སྐྲན། རྒྱུ་མའི་འབྲས་སྐྲན་སོགས་བསྐྱེད་པའི་ཉེན་ཁ་ཡོད། ཚིལ་གྱིས་ད་དུང་འབྲས་སྐྲན་རིགས་མང་པོར་སྐྱེ་འཚར་ཁོར་ཡུག་འདོན་སྤྲོད་བྱེད།

        03བཟའ་བཏུང་གི་གོམས་གཤིས་ངན་པ།   

        ཟ་མ་ཟ་སྐབས་མགྱོགས་དྲགས་པ་དང་ཟ་མའི་དྲོད་ཚད་ཚ་དྲགས་ན་འཇུ་ལམ་ལ་ཡང་དང་བསྐྱར་དུ་རྨས་སྐྱོན་བཟོས་ཏེ་འཇུ་ལམ་འབྲས་སྐྲན་བསྐྱེད་སྲིད། ཟ་མ་རུལ་བ་ཟོས་ན་མཆིན་པའི་འབྲས་སྐྲན་འབྱུང་སླ། 

        04གཡོས་སྦྱོར་བྱེད་སྟངས།   

        བཟའ་བཅའ་ལས་སྣོན་བྱེད་པའི་གོ་རིམ་ཁྲོད་སྐྲན་བསྐྱེད་རྒྱུ་རྐྱེན་མང་པོ་ཞིག་སྦས་པའི་ཚུལ་དུ་ལྷག་ཡོད་པས། གལ་ཏེ་བཟའ་བཅའ་སྙལ་སྟངས་མ་འགྲིག་ན་ཟེ་ཨན་ཕལ་བ་ཞེས་པའི་རྫས་བསྐྱེད་ལ། དེས་ཕོ་བའི་འབྲས་སྐྲན་དང་འཇུ་ལམ་འབྲས་སྐྲན་བསྐྱེད་སླ་བ་ཡིན།

        བཟའ་བཅའ་ལས་སྐབས་སྣུམ་བཙོས་བྱ་རྒྱུ་དང་དུ་བ་བདུག་རྒྱུ་མང་དྲགས་ན་པུན་གསུམ་པེན་པིས་བཞི་ཞེས་པའི་རྫས་བསྐྱེད་ལ། དེས་ཕོ་བའི་འབྲས་སྐྲན་དང་གློ་བའི་འབྲས་སྐྲན་བསྐྱེད་སླ་བ་ཡིན།

        05བདེ་ཐང་མིན་པའི་འཚོ་བ་རོལ་སྟངས།     

        བཟའ་བཏུང་ལ་ཆོས་ཉིད་མེད་ན་ཕོ་བའི་འབྲས་སྐྲན་བསྐྱེད་སླ་ལ། དུས་ཡུན་རིང་བོར་དུ་བ་འཐེན་ན་གློ་བའི་འབྲས་སྐྲན་བསྐྱེད་སླ་བ་དང་། དུས་ཡུན་རིང་བོར་ཆང་འཐུངས་ན་མཆིན་པའི་འབྲས་སྐྲན་བསྐྱེད་སླ་བ་ཡིན།