རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-31   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

«བར་སྐོར་སྒོ་ར་བྱང»ཞེས་པའི་འཁྲབ་སྟོན་གྱི་པར་རིས།
གཏམ་བརྗོད་ཟློས་གར«བར་སྐོར་སྒོ་ར་བྱང»ཞེས་པ་དེ་ཉིད་ལྷ་སའི་བར་སྐོར་ཁྲོམ་གཞུང་གི་བྱང་ངོས་སུ་ཆགས་པའི་སྒོ་ར་རྙིང་པ་ཞིག་རྒྱབ་ལྗོངས་སུ་བྱས་ནས། ཞིབ་ཚགས་ལ་དོན་དངོས་ཀྱི་འབྲི་སྟངས་ལ་བརྟེན་ནས་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས་སོགས་མི་རིགས་ཁག་གི་ལོ་བཅུ་ཕྲག་ཁ་ཤས་རིང་ཁྲོམ་རའི་འཚོ་བའི་ཁྲོད་ཀྱི་བརྩེ་དུང་གི་རྙོག་འཛིང་དང་ལས་དབང་གི་འགྱུར་ལྡོག་མངོན་པར་བྱས་ཤིང་། ཟློས་གར་དེས“བར་སྐོར་སྒོ་ར་བྱང”ཞེས་པ་དངོས་ཡོད་ཀྱི་བར་སྟོང་གཞི་རྟེན་དུ་བྱས་ནས་ལོ་རྒྱུས་དང་། རིག་གནས། སྤྱི་ཚོགས་སོགས་ཀྱི་ཕྱོགས་མང་པོ་མཉམ་འདྲེས་ཡོང་བར་བྱས་ཏེ་གསོན་ཉམས་དོད་པའི་འཚོ་བའི་རི་མོ་དུ་མ་མངོན་པར་བྱས་ཡོད།

«བར་སྐོར་སྒོ་ར་བྱང»ཞེས་པའི་འཁྲབ་སྟོན་གྱི་པར་རིས།
«བར་སྐོར་སྒོ་ར་བྱང»ལ་གཡུར་ཟའི་གྲུབ་འབྲས་ཐོབ་དོན་ནི་དེ་ལས་སྒྱུ་རྩལ་གྱི་རིན་ཐང་མངོན་པར་མ་ཟད། དེ་བས་སྤྱི་ཚོགས་ཀྱི་དོན་སྙིང་གཏིང་ཟབ་མོ་ལྡན་པས་ཡིན། ཟློས་གར་དེས་སྒོ་ར་ཕལ་པ་ཞིག་གི་གཏམ་རྒྱུད་བརྗོད་པ་བརྒྱུད། མི་རིགས་མང་པོའི་འཆམ་མཐུན་མཉམ་གནས་ཀྱི་སྤྱི་ཚོགས་ཀྱི་དོན་དངོས་མཚོན་པ་དང་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་མཉམ་གནས་ཀྱི་དྲང་ཕྱོགས་ཀྱི་ནུས་པ་བརྒྱུད་སྤྲོད་བྱས་ཡོད། མིག་སྔའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་འོག དྲང་ཕྱོགས་ཀྱི་ནུས་པ་དེ་རིགས་བརྒྱུད་སྤྲོད་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པ་དང་། དེ་ལས་མི་རྣམས་ཀྱི་མི་རིགས་ངོས་འཛིན་གཅིག་མཐུན་གྱི་བསམ་པ་དང་རིག་གནས་ཀྱི་གདེང་ཚོད་ཆེ་རུ་འགྲོ་བར་ཕན་ཐོགས་པ་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་ཐུབ།

«བར་སྐོར་སྒོ་ར་བྱང»ཞེས་པའི་འཁྲབ་སྟོན་གྱི་པར་རིས།