ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་གོང་ཞུ་བརྒྱུད་སྒྲུབ་དང་ལྟ་སྐུལ་བྱེད་བཞིན་དུ་སྒྱུར་བཅོས་ཡོངས་བསྒྲགས་བྱས་ཚུལ་གྱི་རེའུ་མིག(ཁག་བདུན་པ།)

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    2024ལོའི་ཟླ་5པའི་ཚེས་26ཉིན། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་གིས་བདེ་ཆེན་ཁུལ་ལ་རྩིས་སྤྲོད་བྱས་པའི་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་གོང་ཞུའི་ཡིག་ཆ་2ལ་འགན་འཁྲིའི་ལས་ཁུངས་སོ་སོས་བླང་བྱར་གཞིགས་ནས་བརྟག་དཔྱད་ཐག་གཅོད་བྱས་ཚུལ་གོང་ལ་ཞུ་བ།

    ཉིན་དེའི་བར། བདེ་ཆེན་ཁུལ་ལ་རྩིས་སྤྲོད་བྱེད་པའི་ཁག་བདུན་པའི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་གོང་ཞུའི་ཡིག་ཆ་2་ལ་དུས་ལྟར་སྒྲུབ་པ་དང་ཚུར་ལེན་བྱས་ནས། ཁག་2སྒྲུབ་ཚར་བ(དུས་མཚམས་རང་བཞིན་སྒྲུབ་ཚར་བའི་ཡིག་ཆ་གཏོགས་པ)། དེའི་ནང་སེམས་ཀྱི་ཉི་ཟླ1དང་འབའ་ལུང་རྫོང་གི་1ཡིན།