ད་ལོའི་ཟླ་9པར་བདེ་ཆེན་ཁུལ་གྱི་ཁུལ་རིམ་པའི་སློབ་གྲྭ་ཁག་གཅིག་གིས་དམའ་རིམ་སློབ་འབྲིང་གི་སློབ་མ་400བསྡུ་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།གསར་འགོད་པས་ཁུལ་སློབ་གསོ་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར།《བདེ་ཆེན་ཁུལ་གྱི་སློབ་གསོ་དར་རྒྱས་གཏོང་བའི་བྱ་ཐབས་དོན་ཚན་ཉི་ཤུ》ཁྱོན་ཡོངས་ནས་དོན་འཁྱོལ་དང་། སློབ་གྲྭའི་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་གསར་གཏོད་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་ཆེད།ད་ལོའི་ཟླ་9པར།རང་ཁུལ་གྱི་ཁུལ་རིམ་པའི་སློབ་གྲྭས་དམའ་རིམ་སློབ་འབྲིང་གི་སློབ་མ་400བསྡུ་རྒྱུ་ཡིན་པ་རེད།འདིའི་ཁྲོད་ཁུལ་མི་རིགས་སློབ་འབྲིང་གིས་དམའ་རིམ་སློབ་འབྲིང་གི་སློབ་ཡུན་སླར་གསོ་བྱས་ནས་སློབ་མ་100་བསྡུ་རྒྱུ་དང་།སེམས་ཀྱི་ཉི་ཟླ་སློབ་འབྲིང་དུ་དམའ་རིམ་སློབ་འབྲིང་གསར་དུ་བཙུགས་ནས་སློབ་མ་100བསྡུ་རྒྱུ།ཁུལ་སློབ་འབྲིང་དང་པོར་སློབ་མ་200བཅས་བསྡུ་རྒྱུ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན།རང་ཁུལ་གྱིས་དུས་འགོའི་བརྟག་ཞིབ་བྱས་པའི་རྨང་གཞིའི་ཐོག་ཁུལ་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་བསྡུའི་གཞི་ཁྱོན་ཧྲིལ་པོ་མི་འགྱུར་བའི་གནས་ཚུལ་འོག  ཁུལ་མི་རིགས་སློབ་འབྲིང་དང་།སེམས་ཀྱི་ཉི་ཟླ་སློབ་འབྲིང་།ཁུལ་སློབ་འབྲིང་དང་པོ་བཅས་ཁུལ་ཐད་གཏོགས་ཆ་ཚང་སློབ་འབྲིང་གསུམ་གྱིས་ད་ལོའི་སྟོན་དུས་ཀྱི་སློབ་དུས་ནས་བཟུང་དམའ་རིམ་སློབ་འབྲིང་གི་སློབ་མ་བསྡུ་རྒྱུ་ཡིན་པ་དང་།རྫོང་(གྲོང་ཁྱེར)ཁག་གི་སློབ་སྦྱོང་འདོད་མོས་ཀྱི་བསྡུར་གྲངས་དང་སློབ་ཐོན་སློབ་གྲྭའི་ལོ་རིམ་དྲུག་པའི་སློབ་གྲྭར་ཡོད་མུས་ཀྱི་སློབ་མའི་གྲངས་འབོར་དང་ཟུང་འབྲེལ་བྱས་ནས།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སློབ་བསྡུའི་མི་གྲངས་240བགོ་དགོས་པ་དང་དང་འཇོལ་རྫོང་གིས་སློབ་བསྡུའི་མི་གྲངས་80བགོ་དགོས་པ། འབའ་ལུང་རྫོང་དུ་སློབ་བསྡུའི་མི་གྲངས་80བགོ་དགོས་པ་རེད།