འཇོལ་རྫོང་ན་ཇ་རྟའི་གནའ་ལམ་གྱི་མཚོན་རྟགས་རྡོ་རིང་ཞིག་མཆིས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ཧྥོ་ཧྲན་ཤང་ལིའུ་ཐུང་ཅང་གྲོང་ཚོའི་ཕུའུ་ཏུའུ་ཟམ་པ་དེར་“ལིའུ་ཐུང་གཙང་བོའི་ཟམ་པ་”ཡང་ཟེར་ཞིང་། ཇ་རྟའི་གནའ་ལམ་དེ་ཡུན་ནན་ནས་བོད་ལྗོངས་སུ་བསྐྱོད་པའི་གྲུ་ཁ་གལ་ཆེན་ཞིག་རེད།  1946ལོར་ས་དམ་འཇང་རིགས་ཀྱི་ཚོང་བ་ལའེ་ཡའོ་ཚའེ་ཟེར་བ་ཞིག་གིས་ལིའུ་ཐུང་གཙང་པོའི་ལྕགས་ཐག་ཟམ་པ་བསྐྲུན་རྒྱུའི་གྲོས་འགོ་བཏོན་པ་དང་། ཕྱོགས་མང་པོའི་གྲབས་གསོག་བྱས་པ་བརྒྱུད། 1948ལོའི་དཔྱིད་ཀའི་དུས་འགོར་ལོ་72ལ་སླེབས་པའི་ལའེ་ཡའོ་ཚའེ་ཡིས་བཟོ་བ་10ལྷག་གི་སྣེ་ཁྲིད་དེ་ཟམ་པ་དང་ལག་སྐྱོར་གྱི་ལྕགས་ཐག་14བསྐྱལ་ཡོང་ནས་གྲུ་ཁ་རུ་སྒར་བཙུགས་ཏེ་ལྕགས་ཟམ་བསྐྲུན། ཟླ་10པར་ལྕགས་ཟམ་བསྐྲུན་ཚར་བ་དང་འཇང་རིགས་ཀྱི་རིག་གནས་པ་ཧོ་ཀེང་ཅི་ཡིས་ལའེ་ཡའོ་ཚའེ་ཡི་བྱ་གཞག་རླབས་པོ་ཆེ་དེ་ལ་ཆེད་དུ་དྲན་གསོའི་རྡོ་རིང་བཙུགས་པ་རེད། ད་ཆ་རྡོ་རིང་འདི་སྔར་བཞིན་ཟམ་སྟེགས་ཀྱི་ནུབ་ཕྱོགས་སུ་གནས་ཡོད།