བདེ་ཆེན་ཁུལ་སྲིད་གཞུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཡུལ་དངོས་སུ་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་གིས་བསྒྲུབ་རྒྱུར་སྤྲད་པའི་མང་ཚོགས་ཀྱི་ཐེར་འདོན་ཡིག་ཆར་བརྟག་དཔྱད་དང་བཅོས་སྒྲིག་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་བདུན་པས་བསྒྲུབ་རྒྱུར་སྤྲད་པའི་མང་ཚོགས་ཀྱི་ཐེར་འདོན་ཡིག་ཆར་བརྟག་དཔྱད་དང་བཅོས་སྒྲིག་ལས་ཀ་ཡག་པོ་བྱེད་པའི་ཆེད།  ཟླ་5པའི་ཚེས་20ཉིན་གྱི་ཕྱི་དྲོར།  བདེ་ཆེན་ཁུལ་གྱི་ཁུལ་དཔོན་གཞོན་པ་ཞུས་ཀོང་ཏེ་ཡིས་རུ་ཁག་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རང་སྐམ་ལ་ཁ་དང་སྐད་ཚགས་ཤང་གཡང་མདོ་གྲོང་དུ་ཡུལ་དངོས་ནས་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད།  ལས་ཀའི་ཚོ་ཆུང་གིས་ཡུལ་དངོས་སུ་རང་སྐམ་ལ་ཁ་དང་སྐད་ཚགས་ནགས་རར་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གནས་ཚུལ་ལ་བརྟག་དཔྱད་བྱས་པ་དང་འབྲེལ་བཅོས་སྒྲིག་ལ་སྐུལ་འདེད་བཏང་ཚུལ་གྱི་སྙན་སེང་ཡང་ཉན་པ་རེད།  

        ལས་ཀའི་ཚོ་ཆུང་གིས་ནན་བཤད་བྱས་དོན།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་གིས་བསྒྲུབ་རྒྱུར་སྤྲད་པའི་མང་ཚོགས་ཀྱི་ཐེར་འདོན་ཡིག་ཆར་བརྟག་དཔྱད་དང་བཅོས་སྒྲིག་ལས་ཀའི་ཁ་ཚ་དགོས་གཏུག་གི་རང་བཞིན་དང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་།གཉེར་སྒྲུབ་ལས་ཀ་ཡག་པོ་བསྒྲུབ་རྒྱུ་དེ་མིག་སྔའི་དོན་ཆེན་ཨང་དང་པོར་བརྩིས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་སྟེ་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་ལས་དོན་ནང་ཞུགས་དགོས།  ཐེར་འདོན་ཡིག་ཆའི་ནང་བཏོན་པའི་གནད་དོན་དང་དེ་བཞིན་གནས་སྲིད་པའི་རིགས་འདྲའི་གནད་དོན་ལ་གྲལ་བཤེར་གཏིང་ཟབ་བྱེད་པ་དང་འབྲེལ་གཅིག་ཤེས་ཀུན་གྲོལ་གྱིས་གནད་དོན་ཐག་གཅོད་བྱེད་དགོས།གནད་དོན་གྲལ་བཤེར་བྱ་རྒྱུར་དམིགས་ནས་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་བཅོས་སྒྲིག་ཇུས་གཞི་བཟོས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་བཅོས་སྒྲིག་ཇི་མ་ཇི་བཞིན་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱས་ཏེ་མང་ཚོགས་ཀྱི་ཐེར་འདོན་ཡིག་ཆ་བརྟག་དཔྱད་ཐག་གཅོད་བྱེད་པའི་ལས་དོན་ནུས་ཆེའི་ངང་ལེགས་སྒྲུབ་བྱེད་དགོས།ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་མི་སྣ་བརྟག་དཔྱད་དུ་ཞུགས།