སེམས་ཀྱི་ཉི་ཟླའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་ནང་སོག་ནས་བཀྲམས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་ཆར། ཧུའུ་ལུན་པེར་གྲོང་ཁྱེར་ཀྲ་ལའེ་ནུའར་རྟེན་རྫས་བཤམས་སྟོན་ཁང་དང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་། སེམས་ཀྱི་ཉི་ཟླའི་ཐང་གའི་སྒྱུ་རྩལ་གླིང་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི“སྨྱུག་རྩེའི་སྟེང་གི་སྒོམ་སྒྲུབ།   སེམས་ཀྱི་ཉི་ཟླའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན”ཞེས་པ་དེ་ཧུའུ་ལུན་པེར་གྲོང་ཁྱེར་ཀྲ་ལའེ་ནུའར་དངོས་མང་བཤམས་སྟོན་ཁང་དུ་སྤེལ་ནས་རྒྱ་ཆེའི་ལྟད་མོ་བ་ཚོར་ནང་དོན་ཕུན་སུམ་ཚོགས་པའི་ཐང་གའི་རིག་གནས་དང་ཐུན་མོང་མ་ཡིན་པའི་བཟོ་རྩལ་གྱི་བརྒྱུད་རིམ་འགྲེམས་སྟོན་བྱས་ཡོད།


    ཐང་ག་ནི་བོད་རིགས་རིག་གནས་ཁྲོད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པའི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང་། བརྗོད་བྱ་དང་ནང་དོན་ཐད་བོད་རིགས་ཀྱི་ལོ་རྒྱུས་དང་། རིག་གནས། སྤྱི་ཚོགས་འཚོ་བ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་ལ། མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད།ཆོས་ལུགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་མ་ཟད། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་བཅས་ལྡན་ཡོད།




ད་ཐེངས་ཀྱི“སྨྱུག་རྩེའི་སྟེང་གི་སྒོམ་སྒྲུབ།  སེམས་ཀྱི་ཉི་ཟླའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན”ཞེས་པ་འདི་ནི་ས་ཁོངས་དབར་གྱི་རིག་གནས་འབྲེལ་འདྲིས་ཤིག་ཡིན་ལ་དངོས་མང་བཤམས་སྟོན་ཁང་གཉིས་དབར་གྱི་མཉམ་འགུལ་དང་མཉམ་ལས་ཞིག་ཡིན་པ་མ་ཟད། རིག་གནས་དབར་གྱི་གདོང་ཐུག་ཞིག་ཀྱང་རེད།   བྱེད་སྒོ་འདི་སྤེལ་བའི་དམིགས་ཡུལ་ནི་མི་དེ་བས་མང་བས་ཐང་གའི་སྒྱུ་རྩལ་ཤེས་རྟོགས་དང་། ཐང་གའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་པ་དང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་ཆེད་ཡིན།



    ད་ཐེངས་ཀྱི་འགྲེམས་སྟོན་དུས་ཡུན་ནི་ཟླ་7པའི་ཚེས་11ཉིན་བར་རྒྱུན་མཐུད་བྱ་རྒྱུ་རེད།