ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་གོང་ཞུ་བརྒྱུད་སྒྲུབ་དང་ལྟ་སྐུལ་བྱེད་བཞིན་དུ་སྒྱུར་བཅོས་ཡོངས་བསྒྲགས་བྱས་ཚུལ་གྱི་རེའུ་མིག(ཁག་གཉིས་པ།)

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    2024ལོའི་ཟླ་5པའི་ཚེས་21ཉིན་བར།ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་བདུན་པས་བདེ་ཆེན་ཁུལ་ལ་རྩིས་སྤྲོད་བྱས་པའི་ཁག་གཉིས་པའི་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་གོང་ཞུའི་ཡིག་ཆ་1ཡོད་པ་དང་། འགན་འཁྲིའི་ཚན་པ་ཁག་ཚང་མས་བླང་བྱ་ལྟར་བརྟག་དཔྱད་ཐག་གཅོད་བྱས་ཚུལ་གོང་ཞུ་བྱས་པ་རེད།

    ཉིན་འདིའི་བར་དུ།བདེ་ཆེན་ཁུལ་ལ་རྩིས་སྤྲོད་བྱས་པའི་ཁག་གཉིས་པའི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་གོང་ཞུའི་གྱོད་གཞི་1ཡོད་པ་དང་། ཚང་མ་དུས་བཀག་ལྟར་སྒྲུབ་པ་དང་ཚུར་ལན་སྤྲད་པ། དུས་མཚམས་རང་བཞིན་གྱི་གྱོད་གཞི་1སྒྲུབ་མཇུག་འགྲིལ་བ། འདིའི་ཁྲོད་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྱོད་གཞི་1ཡོད་པ་རེད།