མཛེས་པའི་ཡང་ཐང་རྩྭ་ཐང་ལ་སྟག་མའི་མེ་ཏོག་གིས་ཡོངས་སུ་བརྒྱན་པ།

རྩོམ་པ་པོ།   གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2024-05-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས། རྒྱལ་ལམ་214ལམ་བརྒྱུད་ཀྱི་ཡང་ཐང་རྩྭ་ཐང་དུ་སྟག་མའི་མེ་ཏོག་དང་ཐར་ནུ་མེ་ཏོག་སོགས་གཅིག་རྗེས་གཉིས་མཐུད་ངང་བཞད་པས་ལྟ་ན་སྡུག་ཅིང་ཡིད་སེམས་རྨང་ནས་འགུགས་པའི་མཛེས་སྡུག་གི་ཡུལ་ལྗོངས་ཤིག་གྲུབ་འདུག  

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དེ་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་གནས་ཡུལ་དང་བར་ཐག་སྤྱི་ལེ་37ཡོད། ལོ་ལྟར་གྱི་ཟླ་5པའི་ཟླ་མཇུག་ནས་ཟླ་6པའི་ཟླ་དཀྱིལ་བར་ཡང་ཐང་རྩྭ་ཐང་ལ་སྟག་མའི་མེ་ཏོག་དང་ཐར་ནུ་མེ་ཏོག་སོགས་མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་ཁྱབ་ཡོད་པས་མེ་ཏོག་གི་འཇིག་རྟེན་ཞིག་དང་འདྲ་བར་མཛེས་ཤིང་ལྟ་ན་སྡུག་ཅིང་། ས་གནས་ཀྱི་མང་ཚོགས་དང་དེ་མིན་ཕྱོགས་སོ་སོ་ནས་ཕེབས་པའི་ཡུལ་སྐོར་བའི་ཡིག་དབང་ཅིག་ཅར་དུ་བཀུགས་ཏེ་མི་རྣམས་ཀྱིས་དྲན་རྟེན་གྱི་པར་ལེན་སའི་གནས་ཡག་ཤོས་ཞིག་ཏུ་གྱུར་ཡོད་པ་རེད།