བླ་འཕེལ་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་བདེ་ལེགས་ངང་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

   ཟླ་5ཚེས་18ཉིན་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཆུ་འཛོམས་གྲོང་ཚོར་བླ་འཕེལ་རིག་གནས་སྲོལ་རྒྱུན་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་གཉེར་བ་རེད།    སྒྱུ་རྩལ་དུས་ཆེན་དེ《དམར་དམག་སྐྱེལ་བ》ཞེས་པའི་ལེ་ཚན་ཁྲོད་དངོས་སུ་འགོ་ཚུགས་པ་དང་། གླུ་གར་ཟློས་གར《མི་དང་རང་བྱུང་ཁམས》ཞེས་པའི་ནང་མི་རིགས་ཁག་གི་རིག་གནས་སྤེལ་རེས་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་མཚོན་པར་བྱས་ཡོད།   ལི་སུའུ་རིགས་ཀྱི་ཞབས་བྲོ《ཏང་གི་སྲིད་ཇུས་ཡག་པ》ཞེས་པའི་ནང་ལི་སུའུ་བུ་ཕྲུག་ཚོས་བདེ་སྐྱིད་འཚོ་བར་དྲིན་ཚོར་གྱི་བརྩེ་སེམས་མཚོན་ཡོད།《བླ་འཕེལ་བསྟོད་དབྱངས》ཞེས་པའི་ནང་ལི་སུའུ་བུ་ཕྲུག་ཚོས་ཏང་གི་སྐད་ཆར་ཉན་པ་དང་། ཏང་གི་དྲིན་དྲན་པ།  ཏང་གི་རྗེས་སུ་བསྙེགས་པ་བཅས་ཀྱི་ཡིད་ཆེས་བརྟན་པོ་མཚོན་ཡོད།  རིག་རྩལ་འཁྲབ་སྟོན་དེ་སྟངས་སྟབས་མཛེས་པའི《མི་སྟོང་གི་སྐོར་བྲོ》ཞེས་པའི་ཞབས་བྲོའི་ཁྲོད་མཇུག་འགྲིལ་ཡོད་ཅིང་།  ས་གནས་རང་གི་ལྟད་མོ་བར་སྒྱུ་རྩལ་གྱི་གསོལ་སྟོན་གྱ་ནོམ་པ་ཞིག་བསྩལ་ཡོད།    ད་ཐེངས་ཀྱི་བྱེད་སྒོའི་ནང་ད་དུང་སྐོར་བྲོ་དང་། ཁྲོམ་གཞུང་རིང་མོའི་གསོལ་ཚིགས། སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར། མེ་ཕུང་དགོང་ཚོགས་སོགས་མི་རིགས་རིག་གནས་ལེ་ཚན་ཁ་སྣོན་བྱས་ཡོད་པ་རེད།      

    ཤེས་རྟོགས་བྱུང་བར་གཞིགས་ན།   ཉེ་བའི་ལོ་ཤས་རིང་མཐའ་ཆུ་གྲོང་རྡལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རས་པའི་ཞབས་བྲོ་དང་།   འབའ་གཞས། སྐོར་བྲོ་སོགས་ཀྱི་འཁྲབ་ལེན་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་གྲོང་རྡལ་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་རྡོག་རྩ་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།