དཀར་མཛེས་ཁུལ་སློབ་གསོ་ལུས་རྩལ་ཅུའུ་ཡིས་དགེ་སློབ་ཚོའི་ཟས་རིགས་བདེ་འཇགས་སྲུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-16   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།

དར་རྩེ་མདོ་ཧེའུ་རིགས་སློབ་ཆུང་གི་སློབ་མ་ཚོས་སློབ་ཁང་དུ་དྲོས་ཇ་འཐུང་བཞིན་པ།

    ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་སློབ་གསོ་ལུས་རྩལ་ཅུའུ་ཡིས་གཏིང་ཟབ་སྒོས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་སློབ་རའི་བདེ་འཇགས་བཀོད་འདོམས་ལག་ལེན་དོན་འཁྱོལ་བྱས་ནས། སློབ་རའི་ཟས་རིགས་བདེ་འཇགས་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཟས་རིགས་བདེ་འཇགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་བཏང་ཞིང་ཟས་རིགས་འཚོ་བཅུད་ཆ་སྙོམས་ཡོང་བར་སྐུལ་འདེད་བྱས། ཟས་རིགས་བྲོ་བ་ཕུན་ཚོགས་སུ་བཏང་ནས་ཟས་རིགས་རིག་གནས་གསོ་སྐྱོང་གིས་དགེ་སློབ་ཚོའི་ཟས་རིགས་བདེ་འཇགས་གཏན་སྲུང་བྱས།

ལམ་ལུགས་གཟབ་ནན་བླང་བྱ་འཐུས་ཚང་དུ་བཏང་ནས། དཀར་མཛེས་ཁུལ་ཀྱི་སློབ་གྲྭ་སོ་སོས་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་ཁྲིམས་ལུགས་ཁྲིམས་སྲོལ་དང་ཟས་རིགས་སྤུས་ཚད་ཞིབ་བཤེར་ཚད་གཞི་ནན་གྱིས་སྲུང་བ་དང་། སློབ་གྲྭ་སོ་སོས་ཟས་རིགས་བདེ་འཇགས་དོ་དམ་ལུགས700ལྷག་འཛུགས་པ། ཐེར་འདོན་ཁ་པར་འཛུགས་པ། བསམ་འཆར་སྒམ་སོགས་ཀྱི་ལྡོག་འདྲེན་ཐབས་ལམ་འདོན་དགོས་པའི་རེ་བ་བཏོན་པ་མ་ཟད། དགེ་སློབ་ཚོས་ཟས་རིགས་བདེ་འཇགས་ལ་ཞིབ་བཤེར་བྱེད་པ་དང་ལེན་བྱས་ནས་དུས་ཐོག་ཏུ་འབྲེལ་ཡོད་གཏུག་བཤེར་དང་བསམ་འཆར་ལྡོག་འདྲེན་བྱེད་དགོས་པའི་རེ་བ་བཏོན།

    བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། ཕྱོགས་ཡོངས་ནས་སློབ་རའི་ཟས་རིགས་བདེ་འཇགས་ཞབས་ཞུ་ལྟ་ཞིབ་དོ་དམ་སྤེལ་ཏེ། སློབ་གྲྭ་སོ་སོས་ཟས་རིགས་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་སོགས་ཀྱི་ཚན་རིག་ཁྱབ་གདལ་བྱ་འགུལ་སྤེལ་བ་དང་། “ཟ་ཁང་དུ་བསྐྱོད་པ”ཞེས་པའི་བརྗོད་དོན་གཙོ་བོའི་དགེ་སློབ་ལག་ལེན་བྱ་འགུལ་དང“ཟས་རིགས་སྐོར་གླེང་བའི”དགེ་སློབ་བཞུགས་མོལ་ཚོགས་འདུ་སོགས་བསྡུས་པ། དགེ་སློབ་ཁྲི24ལྷག་གི་ཟས་རིགས་བདེ་འཇགས་མཉམ་བཅོས་མ་ལག་བསྐྲུན་ཞིང་ཟས་རིགས་བདེ་འཇགས་སྤྱི་ཁྱབ་ལྟ་ཞིབ489དང་ཟས་རིགས་བདེ་འཇགས་མི་སྣའི་ཞིབ་བཤེར་ནུས་བ་འདོན་སྤེལ་གང་ལེགས་བྱེད་པ། “དྲ་རྒྱ+ཇ་མའི་ཇ་ཁང”400ལྷག་གི་རིག་ནུས་དོ་དམ་ལ་བརྟེན་ནས་ཟ་ཁང་ལས་དོན་མི་སྣས་ཚད་ལྡན་ལག་ལེན་དང་ཟས་རིགས་ཞབས་ཞུ་ལྟ་ཞིབ་དོ་དམ་མུན་ཁུལ་མེད་པའི་རེ་བ་བཏོན་ནས། ཟས་རིགས་བདེ་འཇགས་འགན་ཁུར་ལམ་ལུགས་ལག་བསྟར་བྱེད་དགོས།

    བཟའ་བཏུང་འཚོ་བཅུད་ཐད་བསམ་བློ་གཏོང་བ། སློབ་གྲྭ་སོ་སོས་མུ་མཐུད་དུ་ཟ་ཁང་གི་ཞབས་ཞུ་སྒྲིག་ཆས་འཐུས་ཚང་དུ་བཏང་ནས། ཟས་སྤྱོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། འཚོ་བཅུད་ཆ་སྙོམས་བཟའ་བཏུང་འཆར་གཞི་ལ་སྐུལ་འདེད་ཀྱིས་ལུགས་མཐུན་གྱི་བཟའ་བཅའ་སྡེབ་སྒྲིག་ཇུས་འགོད་བཟོས་ཏེ་གཡོས་སྦྱོར་ནུས་རྩལ་བརྗེ་རེས་ལོངས་སྤྱོད་དང་འགྲན་བསྡུར་སོགས་ཀྱི་བྱ་འགུལ་སྤེལ་ནས། ནུས་ཤུགས་ཡོད་ཚད་ཀྱིས་སློབ་མས་ཟས་སྤྱོད་འཚོ་བཅུད་འགན་སྲུང་དང་ཟས་རིགས་ཀྱི་བྲོ་བ་ཕུན་སུམ་ཚོགས་སུ་གཏོང་བ། སློབ་གྲྭ་སོ་སོས་ད་དུང་གཏིང་ཟབ་སྒོས“གྲོན་ཆུང་དང་སྡེར་གཙང་། ཚན་རིག་བདེ་ཐང་བཟའ་བཏུང”སོགས་ཀྱི་བརྗོད་དོན་གཙོ་བོའི་ཟས་རིགས་རིག་གནས་དྲིལ་སྒྲོག་བྱས་ནས། ཟ་ཁང་ནི་སློབ་མ་ཚོས་སློབ་སྦྱོང་བྱེད་ས་གཉིས་པ་རུ་འགྱུར་བར་སྐུལ་འདེད་ཀྱིས་སློབ་མ་ཚོ་བདེ་ཐང་ངང་འཚར་ལོངས་བྱུང་བར་ཤུགས་སྣོན་བྱེད་དགོས། །