འཇོལ་རྫོང་ཡུན་ལིང་ཤང་གིས་རས་པའི་སྒྱུ་རྩལ་དུས་ཆེན་སྐངས་དང་པོ་གཟབ་རྒྱང་ངང་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    

    ཟླ་5ཚེས་13ཉིན་འཇོལ་རྫོང་ཡུན་ལིང་ཤང་གི་སྐབས་དང་པོའི་གསལ་ནང་རས་པའི་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

    འཇོལ་རྫོང་དུ་གསལ་ནང་རས་པ་སྐད་གྲགས་ཧ་ཅང་ཆེན་པོ་ཡོད་པ་དང་གྲོང་ཚོའི་ནང་ཞིང་ཆེན་རིམ་པའི་རས་པའི་རྒྱུན་འཛིན་པ་གཅིག་ཡོད་པ་མ་ཟད། ད་དུང་ཁུལ་རིམ་པ་དང་རྫོང་རིམ་པའི་རས་པའི་རྒྱུན་འཛིན་པ་འགའ་ཞིག་ཡོད་པས། རས་པ་ཞབས་བྲོ་དེ་གསལ་ནང་གྲོང་གསེབ་ཏུ་རྒྱུན་འཛིན་ཡག་པོ་བྱས་ཡོད། ཐེངས་འདིའི་བྱེད་སྒོར་འབའ་ལུང་རྫོང་མཐའ་ཆུ་རས་པའི་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་དང་ཀྲུང་གོའི་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི། བོད་ལྗོངས་སློབ་ཆེན་གྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་དཔོན་དགེ་རྒན་ཚེ་སྐྱིད་གདན་དྲངས་ཡོད།

    བྱེད་སྒོར་ངོ་མཚར་ཆེ་བའི་རས་པ་འགྲེམས་སྟོན་ཕུད་ད་དུང་ཞབས་བྲོའི་འགྲེམས་སྟོན་སྤོ་ལོ་འགྲན་བསྡུར་དང་། མདའ་འཕེན་འགྲན་བསྡུར། ཐག་འཐེན་འགྲན་བསྡུར་སོགས་ཀྱང་བྱས་པས་གྲོང་ཚོ་ཡོངས་ཀྱི་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ།