བདེ་ཆེན་ཁུལ་གྱིས་ཡུལ་དངོས་སུ་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བདུན་པས་ཡིག་བསྐུར་ངོ་བཅར་བསྒྲུབ་རྒྱུར་རྩིས་སྤྲད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ5པའི་ཚེས14ཉིན་གྱི་ཕྱི་དྲོར།ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བདུན་པས་ལྟ་སྐུལ་བྱེད་ཞོར་ཡོ་བསྲང་བྱེད་པའི་ལས་ཀའི་བླང་བྱ་གཞིར་བཟུང་།ཁུལ་ཨུའི་རྒྱུན་ཨུ།སེམས་ཀྱི་ཉི་ཟླ་གྲོང་ཨུའི་ཧྲུའུ་ཅི་དབྱང་ཙི་ཅང་དང་ཁུལ་དཔོན་གཞོན་པ་ལི་ཐའོ་ཡིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཡུལ་དངོས་སུ་ལྟ་སྐུལ་སྒྲུབ་སྐུལ་ལྟ་ཞིབ་ཚོགས་ཆུང་གིས་བདེ་ཆེན་གྱི་མང་ཚོགས་ཐེར་འདོན་ཡིག་ཆ་བརྒྱུད་སྤྲོད་བྱས་པ་རེད། 

    ཉིན་འདིར།ལས་དོན་ཚོགས་ཆུང་དང་བཅས་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རང་སྐམ་ལ་ཁ་རུ་ཕེབས་ནས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་གྱི་གནས་ཚུལ་ལ་ཡུལ་དངོས་སུ་ཞིབ་བཤེར་གནང་བ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་བརྒྱུད་སྒྲུབ་ཡིག་ཆ་གཉེར་སྒྲུབ་ལ་སྐུལ་འདེད་བཏང་ཚུལ་གྱི་སྙན་ཞུ་གསན་པ་རེད།ལས་དོན་ཚོགས་ཆུང་གིས་ལྟ་སྐུལ་བྱེད་ཞོར་ཡོ་བསྲང་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བདེ་ཆེན་ལ་བརྒྱུད་སྤྲོད་བྱས་པའི་མང་ཚོགས་ཀྱི་ཐེར་འདོན་ཡིག་ཆ་ཁྲིམས་ལྟར་གཉེར་སྒྲུབ་བྱས་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།ལས་དོན་མི་སྣ་གསོ་སྦྱོང་ཡག་པོ་བྱས་ཏེ་གོང་རིམ་གྱི་སྲིད་ཇུས་དང་ལས་ཀའི་བླང་བྱ་ཁོང་དུ་ཆུད་པ་བྱས་ནས་ནན་ཏན་དང་།ཞིབ་ཚགས།ངང་རྒྱུད་རིང་པོ་བཅས་བྱེད་ཐུབ་པ་བྱེད་དགོས་པ་མ་ཟད།ལས་ཀའི་ཟུར་བཙུགས་རྩིས་ཁྲ་བཟོས་ནས་རེ་རེ་བཞིན་མཇུག་སྒྲིལ་རྩིས་ཐོ་བཟོ་དགོས།མང་ཚོགས་ཀྱིས་མཁོ་འདོན་བྱས་པའི་གནད་དོན་གྱི་ཁུངས་སྣེ་གཞིར་བཟུང་ཡུལ་དངོས་སུ་ཞིབ་བཤེར་ནན་ཏན་བྱས་ཏེ་ཕྱི་རོལ་ཡུལ་དང་མཐུན་ལ་དྲང་གཞག་དང་དངོས་ཐོག་བདེན་འཚོལ་ཐུབ་པ་བྱེད་པ་དང་གནད་དོན་ལྷག་རིགས་འཕྲལ་སྒྲུབ་འཕྲལ་བཅོས་བྱས་ཏེ་གཏན་འབེབས་ལྟར་སྒྲུབ་པའི་དུས་བཀག་ལྟར་དག་ཐེར་ཇུས་གཞི་དུས་ཐོག་ཏུ་གོང་ཞུ་བྱེད་དགོས། གཅིག་ཤེས་ཀུན་གྲོལ་གྱིས་རིགས་གཅིག་པའི་གནད་དོན་ཡོད་རིགས་ལ་གྲལ་བཤེར་ནན་ཏན་བྱས་ཏེ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་ཁས་ལེན་ཚད་དེ་ལས་ཀའི་ཚད་གཞིར་འཛིན་པ་དང་མང་ཚོགས་ཀྱི་རེ་ཞུ་དང་གནད་དོན་རྒྱབ་ཀྱི་རྒྱུ་རྐྱེན་ཤེས་རྟོགས་ནན་ཏན་བྱས་ནས་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་བྱ་ཐབས་འདོན་པ་དང་། ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གོ་སྐབས་སུ་བྱས་ཏེ་རང་ཁུལ་གྱི་མང་ཚོགས་ཉེ་འགྲམ་གྱི་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།