ཆུས་ཅིང་གི་ཁ་གཏད་རོགས་སྐྱོར་བདེ་ཆེན་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 ཟླ་5པའི་ཚེས་8ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཆུས་ཅིང་གྲོང་ཁྱེར་དུ་རྟོག་ཞིབ་སྤེལ་རེས་བྱེད་པར་བསྐྱོད་པ་དང་འབྲེལ་ཆུས་ཅིང་གི་ཁ་གཏད་རོགས་སྐྱོར་བདེ་ཆེན་ལས་དོན་ལ་རོགས་སྐྱོར་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

ཞིང་ཆེན་ཨུའི་རྒྱུན་ཨུའམ་ཆུས་ཅིང་གྲོང་ཨུའི་ཧྲུའུ་ཅི་དབྱང་པིན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཆུས་ཅིང་གྲོང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མ་གོ་ཆིན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་ཚོགས་འདུར་ཞུགས་པ་རེད།

དབྱང་པིན་གྱིས་ཆུས་ཅིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཕེབས་པར་དགའ་བསུ་ཞུས་པ་རེད།  ཁོང་གིས་ཆུས་ཅིང་གྲོང་ཁྱེར་གྱིས་ཐབས་བརྒྱ་ཇུས་སྟོང་གིས་བདེ་ཆེན་གྱི་ཡུན་རིང་འཆར་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་ཐོན་ལས་དང་། སློབ་གསོ། སྨན་བཅོས། གྲོང་གསེབ་དར་རྒྱས་གཏོང་བ་སོགས་ཐད་ནུས་ཤུགས་ཡོད་རྒུས་རོགས་རམ་བྱ་རྒྱུ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གསར་འཛུགས་དང་། བདེ་འཇགས་འཛུགས་སྐྲུན། ཁྲིམས་སྐྱོང་འཛུགས་སྐྲུན། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་སོགས་ཀྱི་ཐད་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུ་ཡིན་ཞེས་བསྟན་པ་རེད།

  ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་ཆུས་ཅིང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བདེ་ཆེན་ཁུལ་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།  ཁོང་གིས་2023ལོར་བདེ་ཆེན་ཁུལ་གྱི་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།  གོམ་སྟབས་རྗེས་མར་ཆུས་ཅིང་གྲོང་ཁྱེར་གྱིས་ཐོན་ལས་འཕེལ་རྒྱས་དང་སློབ་གསོ་སྨན་བཅོས་ཤེས་ལྡན་མི་སྣར་འདེགས་སྐྱོར་བྱེད་པ་སོགས་ཐད་རྒྱབ་སྐྱོར་དང་རོགས་རམ་དེ་བས་མང་བ་བྱས་ནས་ས་གནས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་དེ་བས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཆུས་ཅིང་གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཞིའུ་ཅང་དང་། ཡུས་ཐའོ། ལིའུ་པིན་ཧྥང་། ལིའུ་ཆའོ་ཧུང་བཅས་དང་། རང་ཁུལ་གྱི་འགོ་ཁྲིད་ཞུས་ཀོང་ཏེ་དང་ཀྲོང་ཞའོ་ཕིང་།  དེ་བཞིན་ས་གནས་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།